22933

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོག་ (1)
Part of speech མིང་ཚིག
Definition ཕྱོགས་གཉིས་ནས་རླུང་ཤིན་ཏུ་ཚ་བ་དག་ལྡང་སྟེ། དེ་དག་ཕན་ཚུན་ཐུག་པ་གློག་འབྱུང་། དེ་ཉིད་དྲག་ཅིང་ངར་ན་གནམ་ལྕགས་ཐོག་ཏུ་འགྱུར། མེ་ལྕགས་རྡོ་ལ་བརྡབས་པ་ན་བར་ནས་མེ་ལྕེ་དང་འོད་ཟེར་འབྱུང་བ་ལྟར་ཡིན། ཨོ་རྒྱན་གླིང་པའི་གཏེར་བྱོན་རྒྱལ་པོ་བཀའ་ཐང་ལས་ཀྱང༌། མཚོ་ཡི་རླངས་པས་མཁའ་ལ་སྤྲིན་དུ་ཆགས། །དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོགས། །འབྱུང་བ་ཚ་གྲང་འཕྲད་པས་གློག་ཏུ་འཁྱུག ། དྲག་ཅིང་ངར་ན་གནམ་ལྕགས་ཐོག་ཏུ་བབས། །
Example མེ་ལྕགས་རྡོ་ལ་བརྡབས་པ་བཞིན། །བར་ནས་མེ་དང་རིན་ཆེན་འོད་ཟེར་འཕྲོ། །ཞེས་གསུངས།
Synonyms སྒྲ་ཅན། ལྕེ་སྙིང་མེད། ལྕེ་འབབ། ཆུ་འཛིན་སྐྱེས། ཆུས་མི་ཉམས། ཆུ་ལས་འབར། ཐོག་མདའ། རྡོ་རྗེ་ཟེར་འཕྲོ། རྡོ་རྗེའི་ཟེགས་མ། ནམ་མཁའི་ཐོ་བ། གནམ་གྲུམ་པ། གནམ་ལྕགས། སྤྲིན་གྱི་མདའ། སྤྲིན་གྱི་མེ་བོ་ཆེ། སྤྲིན་གྱི་མེ། སྤྲིན་གྱི་ཟེར་འཕྲོ། སྤྲིན་གྱི་འོད་ཟེར། འཕྲོ་འཇོམས། འབིགས་བྱེད། མེ་ཆར། རི་འགེམས། རི་འཇོམས།
ཐོག་ (2)
Part of speech མིང་ཚིག
Definition སྟེང་ཕྱོགས་ཀྱི་དོན་ཏེ།
Keyword True
Example ཕོ་བྲང་ཐོག་ནས་དུང་བུས་ལྟ་བུ།
Antonyms འོག
ཐོག་ (3)
Part of speech མིང་ཚིག
Definition གོས་དང་པགས་པ་སོགས་ཕྱི་ངོས་ཀྱི་མིང་སྟེ། ལྭ་བའི་ཐོག་གི་ལྷན་པ། བྲང་ཐོག་གི་གའུ། བརླ་ཐོག་གི་ཆུ་བུར་ལྟ་བུ།
ཐོག་ (4)
Part of speech མིང་ཚིག
Definition དུས་ཀྱི་དེ་མ་ཐག་པའི་དོན་ཏེ།
Example མཛོ་མོ་བཞོས་ཐོག་གི་འོ་མ་དྲོན་མོ། ལྕགས་ཚ་ཐོག་ལ་བརྡུང་དགོས་ལྟ་བུ།
ཐོག་ (5)
Part of speech མིང་ཚིག
Definition གནས་ཀྱི་དོན་ཏེ།
Example མི་མང་འདུ་འཛོམས་ཀྱི་ཐོག་ནས་སྐད་ཆ་འདི་བྱུང་། དེ་རིང་དམིགས་བསལ་དུས་དྲན་ཐོག་ཏུ་སོང་ལྟ་བུ།
ཐོག་ (6)
Part of speech མིང་ཚིག
Definition འབྲས་བུའི་མིང་སྟེ།
Example ད་ལོ་ཆར་ཆུ་ལེགས་པའི་ཐོག་ཡག་པོ་བྱུང་ལྟ་བུ།
ཐོག་ (7)
Part of speech མིང་ཚིག
Definition ཐོག་མ་ཡི་ཚིག་བསྡུས་པ།
Antonyms མཐའ།
ཐོག་ (1)
Part of speech ཕྲད་ཚིག
Definition ཚིག་སྔ་མའི་བྱ་ཚིག་གི་རྗེས་སུ་ཐོག་སྒྲ་སྦྱར་བ་དེས་སྦྱར་གཞིའི་ཚིག་དོན་དེ་ཉིད་གཙོར་བཟུང་ངམ་སྔོན་འགྲོའི་ཆ་རྐྱེན་གྱི་ཚོད་དུ་བཏང་ནས་དེའི་མོད་ལ་གཞི་མཐུན་པའི་ཚིག་ཕྱི་མ་འདྲེན་པའི་དོན་སྟོན་ཏེ།
Example ནོར་བཟང་གི་རྣམ་ཐར་ལས། ཉིན་གཅིག་ཚོམས་ཆེན་དུ་གསོལ་སྟོན་རྒྱས་པར་བཤམས། ལྗོན་པའི་ཡབ་ཡུམ་གཉིས་ཀྱིས་མཚོན་རྗེ་འབངས་ཀུན་འཛོམས་ཐོག ནོར་བཟང་ཡིད་འཕྲོག་གཉིས་ཀྱང་སྤྱན་དྲངས། ཞེས་འབྱུང་བ་ལྟ་བུ།