22938

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོག་ག་ཞབས་དྲུང་དཀོན་མཆོག་དགེ་ལེགས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་ཁྱི་ཕྱི་ལོ་ ༡༧༧༨ ལོར་མདོ་སྨད་བསང་གཞུང་དར་ཅོག་ཐང་དུ་ཡབ་ཡུམ་སྐྱབས་དང་། ཡུམ་ཙ་ཡུས་ཨ་གནམ་བཟའ་འབྲུག་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། འདས་ལོ་མི་གསལ། བཞི་བར་སུམ་ར་མའི་ཞབས་དྲུང་གི་ཡང་སྤྲུལ་དུ་ཐག་བཅད། གདན་སར་བཀོད། ཁྲི་ཆེན་བསོད་ནམས་དབང་རྒྱལ་ལས་རབ་ཏུ་བྱུང་། མཚན་ལ་ངག་དབང་བསྟན་པ་རབ་རྒྱས་ཞེས་གསོལ། བདུན་པར་དགེ་སློབ་བསྟན་འཛིན་རྒྱ་མཚོ་ལས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་སྦྱངས། རྗེ་འཇིགས་མེད་རིགས་པའི་སེང་གེ་དང་། རྒྱལ་མཁན་ཆེན། མཚམས་པ་བློ་བཟང་དཀོན་མཆོག་བཅས་ལས་འཇིགས་བྱེད་ཀྱི་དབང་དང་། ལམ་རིམ་ཆེན་མོའི་བཤད་ལུང་སོགས་གསན། བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་མཛད། ཉི་ཤུ་བར་གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས། སོ་བརྒྱད་པར་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས། ལས་ཁའི་ཁྲི་བ་མཛད། ཅུང་གར་དགོན་བདེ་ཆེན་རབ་རྒྱས་གླིང་དུ་གཞི་གསུམ་གྱི་ཕྱག་ལེན་བཙུགས། ཞེ་དྲུག་པར་གདན་སར་ཕྱིར་ཕེབས། བླ་གྲྭ་རྣམས་ལ་མཆོད་འབུལ་མཛད། ང་བརྒྱད་པར་བླ་བྲང་སྨན་པའི་ཁྲིར་ལོ་གསུམ་བཞུགས། ང་བརྒྱད་པར་དབལ་ཤུལ་ཁྲོ་ཁོའི་བླ་མར་ཕེབས། རེ་གཉིས་པར་བདེ་མོ་ཐང་གི་ཁྲིར་ཕེབས། རེ་བདུན་པ་བླ་བྲང་རྒྱུད་པའི་ཁྲི་བ་མཛད། རེ་དགུ་བ་རབ་བྱུང་བཅུ་བཞི་པའི་མེ་རྟ་ཕྱི་ལོ་ ༡༨༤༦ ལོར་བཀྲ་ཤིས་འཁྱིལ་གྱི་ཁྲི་་ཕེབས། འཆད་ཉན་ལོ་གསུམ་རིང་་བསྐྱངས། བརྒྱད་ཅུར་ཉེ་སྐབས་སྐུ་གཤེགས། གདས་ལོ་མི་གསལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཞེ་གཉིས་པ་ཡིན།