22950
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་དཔོན་གསས་བླ་མ་དང་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ཐོག་དང་བར་གྱི་ལྡིང་ཁང་རྣམས་སུ་བླ་བྲེ་དང་འཕེན་གདུགས་སོགས་ཀྱིས་བརྒྱན་ཅིང་དབུབ་པའི་དོན་ཏེ། དཔལ་གསང་འདུས་དོན་གྱི་རྒྱུད་ལས། བླ་བྲེ་འཕེན་གདུགས་རྒྱལ་མཚན་ཡོལ། བླ་གུར་ཐོག་ཕུབ་རྫས་སུ་བསྙེན། ཞེས་པས། དེ་དག་གིས་ཀྱང་བླ་མ་དང་ཡི་དམ་གྱི་ཐུགས་རྗེས་གདུལ་བྱ་རྣམས་ལ་སྐྱབས་ཤིང་བཞུགས་པའི་བརྡ་རུ་མཚོན་པར་བཤད་དོ། །དེ་ལ་ཡང་གསང་བའི་རྫས་སུ་བསྙེན་པ་ཞེས་བྱ་བ་ནི། ལོག་ལྟ་ཅན་དང་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་རྣམས་ལ་མི་སྨྲ་མི་སྟོན་པར་གསང་ནས་སྤྱད་དགོས་པའི་དོན་ཡིན་ནོ། ། |
| Domain | ཆོས་ལུགས། |