22960
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཐོག་མ་ནི་དང་པོ་ཐ་མ་ནི་མཐའ་སྟེ། དེ་དག་མེད་པས་འཁོར་བ་ལ་ཐོག་མ་དང་ཐ་མེད་པ་བརྗོད། ཐོག་མ་དང་ཐ་མ་མེད་པ་དེ་ལ་དབུས་མི་དམིགས་ཤིང། གང་ལ་ཐོག་མ་དང་ཐ་མ་དང་དབུས་མི་དམིགས་པ་དེ་ལ་སྔ་མ་ནས་འོང་བ་དང། ཕྱི་མར་འགྲོ་བ་དང་ཡང་བྲལ་བའི་ཕྱིར་རྨི་ལམ་ལྟ་བུའི་སྲིད་པ་འདི་ཡི་ངོ་བོ་ཡིས་དབེན་པ་ཉིད་གང་ཡིན་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ་ཞེས་བསྟན་བཅོས་ལས་ནི་ངེས་པར་བསྙད་དོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་འཇུག་རྣམ་བཤད་ལས་སོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |