22965

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོག་མཐའ་གཉིས་འདྲ་ཞིང་བར་བ་གཉིས་འདྲ་བ་ (1)
Part of speech མིང་ཚིག
Definition ཟུང་ལྡན་གྱི་རྒྱན་གྱི་ནང་གསེས་དང་པོ་རྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་ནང་གསེས་གསུམ་པ། བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་གྱི་ནང་གསེས་གཉིས་པ་སྟེ། རྐང་པ་ཐོག་མཐའ་གཉིས་ཀྱི་ཐོག་མར་ལིང་ལིང་དང་ལིང་ལིང་ལྟ་བུའི་ཟུང་ལྡན་དང་། བར་བ་གཉིས་ཀྱི་ཐོག་མར་ཀྱུར་ཀྱུར་དང་ཀྱུར་ཀྱུར་ཞེས་པ་ལྟ་བུའི་ཟུང་ལྡན་གྱི་བར་ཆོད་ཅིང་མ་ཆོད་པ་ལྟ་བུ་སྟོན་པའི་རྒྱན་ཞིག
Example བོད་མཁས་པས། ལིང་ལིང་དྲན་པའི་བསྒྱུར་བ་ཡིས། །ཀྱུར་ཀྱུར་གླུ་ཡི་རིག་བྱེད་དང་ལྷན་ཅིག། །ཀྱུར་ཀྱུར་ལུས་ཀྱི་འགྱུར་བག་དེ་དང་དེ། །ལིང་ལིང་སྟོན་འདི་མ་བརྟགས་ཉམས་དགའི་ཆོས། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག