22967

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོག་མཐའ་བར་དགེའི་ཁྲིད་ཡིག་ཐར་ལམ་གསལ་བྱེད་ (1)
Part of speech མིང་ཚིག
Definition རྣལ་འབྱོར་དབུ་མའི་ལྟ་ཁྲིད་སྐོར། མཛད་པ་པོ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ལམ་མཚན་གཞན་ཆོས་ཀྱི་རྒྱལ་པོ་ཞེས་གྲགས་པ་དེའོ། །མཛད་པའི་ཡུལ་ནི་དཔལ་ཇོ་ནང་རི་ཁྲོད། བརྗོད་བྱ་ནི་དུས་འཁོར་སྦྱོར་དྲུག་གི་ལམ་ཉམས་ལེན་གྱི་རིམ་པ་སྟེ། དེ་ཡང་བསྙེན་བསྒྲུབ་ཡན་ལག་བཞི་དང་ལམ་རྡོ་རྗེའི་རྣལ་འབྱོར་བཞི་རུ་བསྡུས་ནས་ཐོག་མཐའ་བར་དགེའི་ཁྲིད་རིམ་པ་གསུམ་དུ་བྱས་འདུག་པ་སྟེ། གཞུང་དེའི་མཇུག་བྱང་དུ། ཁྲིད་ཡིག་འདི་ནི་སངས་རྒྱས་རྡོ་རྗེ་འཆང་ནས་ཆོས་རྒྱལ་རིགས་ལྡན་དང་། དཔལ་དུས་འཁོར་ཞབས་ཡབ་སྲས་ནས་པཎ་ཆེན་ཟླ་བ་མགོན་པོ་ལ་སྙན་དུ་བརྒྱུད་པའི་སྔོན་ཆད་ཡི་གེ་མེད་པའི་བཀའ་རྒྱ་ཅན་ལ་གཞི་བྱས། ཐོག་མར་དགེ་བའི་ཁྲིད་དཔལ་ཤ་བ་རི་དབང་ཕྱུག་ནས་པཎ་ཆེན་བི་བྷུ་ཏ་ཙན་ཏྲ་ལ་སྙན་དུ་བརྒྱུད་པ་བཞིན་བྲིས། བར་དུ་དགེ་བའི་ཁྲིད་པཎ་ཆེན་ཤཱཀྱ་ཤྲི་ནས་ཆོས་རྗེ་ས་སྐྱ་པཎ་ཆེན་ལ་སྙན་དུ་བརྒྱུད་པ་བཞིན་བྲིས། ཐ་མར་དགེ་བའི་ཁྲིད་རྒྱུད་འགྲེལ་མན་ངག་ནས་ཇི་ལྟར་གསུངས་པ་བཞིན་དུ་བྲིས་པ་ཡིན་ནོ། །ཞེས་གསུངས་པ་རིགས་ལྡན་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་སྤྲུལ་པའི་སྐུ་ཆོས་རྗེ་ཀུན་སྤངས་པ་ཆེན་པོའི་ཞལ་སྔ་ནས་མཛད་པའི་ཁྲིད་ཡིག་གཞིར་བཞག་ནས། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པའི་ཞལ་གྱི་གདམས་པ་ཅི་རིགས་པ་རྣམ་པར་སྦྱར་ཞིང་། རྒྱུད་འགྲེལ་ཆེན་པོའིི་དགོངས་པ་ཟབ་མོ་རྣམས་ཀྱང་ལེགས་པར་དཔྱད་དེ་རྒྱུད་འགྲེལ་ཆེན་མོའི་ལུང་སྦྱོར་རྣམས་ཀྱང་སྔ་འགྱུར་གྱི་མ་དཔེ་རྣམས་སྤངས་ནས་ཤོང་འགྱུར་གཞིར་བཞག་པའི་སྟེང་དུ་སླར་ཡང་དག་པར་བྱས་པ་ལྟར་བྲིས་པ་ཡིན་ནོ། །ཞེས་བྱུང་། གཞུང་ཚད་སྡེབ་གྲངས་བརྒྱ་ཙམ་ཡོད། བརྩམས་དུས་ལོ་ཚིགས་གསལ་ཁ་མ་རྙེད།