22969
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་དཔེའི་རྐང་པ་ཐོག་མཐའ་གཉིས་ཀྱི་ཐོག་མ་ལ། ཀཱ་ལཾ་ཀཱ་ལཾ། ཞེས་དང་། བར་བ་གཉིས་ཀྱི་ཐོག་མ་ལ། ཏཱ་ར་ཏཱ་ར། ཞེས་པའི་ཟུང་ལྡན་གྱི་བར་ཆོད་ཅིང་མ་ཆོད་པ་ལྟ་བུའོ། ། |
| Example | བོད་མཁས་པས། ལིང་ལིང་དྲན་པའི་སྙེ་ལས་བསྒྱུར་བ་ཡིས། །ཀྱུར་ཀྱུར་གླུ་ཡི་རིག་བྱེད་དང་ལྷན་ཅིག ། ཀྱུར་ཀྱུར་ལུས་ཀྱི་འགྱུར་བག་དེ་དང་དེ། །ལིང་ལིང་སྟོན་འདི་མ་བརྟགས་ཉམས་དགའི་ཆོས། །ཞེས་རྐང་པ་དང་པོ་དང་། མཐའ་མའི་ཐོག་མ་གཉིས་ལ་ལིང་ལིང་ཞེས་ཡོད་པ་འདྲ་ལ། རྐང་པ་གཉིས་པ་དང་། གསུམ་པའི་ཐོག་མ་གཉིས་ལ་ཀྱུར་ཀྱུར་ཞེས་ཡོད་པ་གཉིས་འདྲ་བ་ལྟ་བུའི་ཟུང་ལྡན་གྱི་བར་ཆོད་ཅིང་མ་ཆོད་པ་ཞིག་ལ་ཟེར། |
| Domain | རྩོམ་རིག |