22970
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཟུང་ལྡན་གྱི་རྒྱན་གྱི་ནང་གསེས་གསུམ་པ་སྟེ། ཚིག་རྐང་སྔ་མའི་མཐའ་དང་། ཕྱི་མའི་ཐོག་མ་ན་ཡོད་པའི་མིང་ཚིག་གང་རུང་གི་སྒྲ་གཟུགས་མཚུངས་པར་སྦྱར་བའི་ཟུང་ལྡན་གྱི་རྒྱན་ཞིག་ལ་ཟེར། |
| Example | བོད་མཁས་པས། མཐའ་ཡས་ཡོན་ཏན་ཕུང་བོས་རབ་མཛེས་སྐུ། །མཛེས་སྐུ་འགྲོ་བའི་ཡིད་ངོར་ཆུ་ཟླ་བཞིན། ། ཟླ་བཞིན་རྣམ་པར་རྒྱས་པའི་སྒྲ་ལྷ་མོ། །ལྷ་མོ་ཀུན་གྱི་གཙོ་ལ་སྤྱི་བོས་འདུད། །ཅེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |