22971
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གློག་འཁྱུག་པ་དང་འབྲུག་གྲགས་པའི་སྐབས་སུ་ནམ་མཁའ་ནས་འོད་གློ་བུར་དུ་འཁྱུགས་པ་ཞིག་སྟེ། རྒྱལ་པོ་བཀའ་ཐང་ལས། མཚོ་ཡི་རླངས་པས་མཁའ་ལ་སྤྲིན་དུ་ཆགས། །དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོགས། །འབྱུང་བ་ཚ་གྲང་འཕྲད་པས་གློག་ཏུ་འཁྱུག ། དྲག་ཅིང་ངར་ན་གནམ་ལྕགས་ཐོག་ཏུ་བབས། །དཔེར་ན་མེ་ལྕགས་རྡོ་ལ་བརྡབས་པ་བཞིན། །བར་ནས་མེ་དང་རིན་ཆེན་འོད་ཟེར་འཕྲོ། །ཞེས་འབྱུང་བ་ལྟར་རོ། ། |