22977
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ རྐང་པ་གཉིས་ལ་ཡོད་པའི་དང་པོ། ཚིག་རྐང་དང་པོ་གཉིས་ཀྱི་ཐོག་མའི་ཟུང་ལྡན་བར་ཆོད་པ། ༢ རྐང་པ་དང་པོ་དང་། གསུམ་པའི་ཐོག་མ་ལ་ཡོད་པའི་ཟུང་ལྡན་བར་ཆོད་པ། ༣ རྐང་པ་དང་པོ་དང་བཞི་པའི་ཐོག་མ་ལ་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན། ༤ རྐང་པ་གཉིས་པ་དང་། གསུམ་པ་ལ་ཡོད་པའི་བར་ཆོད་པའི་ཟུང་ལྡན། ༥ རྐང་པ་གཉིས་པ་དང་། བཞི་པ་ལ་ཡོད་པའི་ཟུང་ལྡན་བར་ཆོད་པ། ༦ རྐང་པ་ཕྱི་མ་གཉིས་ཀྱི་ཐོག་མ་ལ་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན། ༧ རྐང་པ་གསུམ་གྱི་ཐོག་མ་ལ་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན། ༨ རྐང་པ་དང་པོ་དང་། གསུམ་པ། བཞི་པ་གསུམ་གྱི་ཐོག་མ་ལ་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན། ༩ རྐང་པ་ཕྱི་མ་གསུམ་གྱི་ཐོག་མ་ལ་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན། ༡༠ རྐང་པ་བཞི་ཀའི་ཐོག་མ་ལ་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན། ༡༡ རྐང་པ་བཞི་ཀའི་ཐོག་མ་ལ་ཡོད་ཅིང་། ཕྱེད་སྔ་ཕྱི་རིགས་མི་གཅིག་པའི་ཟུང་ལྡན་བར་ཆོད་པ། ༡༢ རྐང་པ་དང་པོ་དང་། གསུམ་པའི་ཐོག་མར་ཡོད་པའི་ཟུང་ལྡན་འདྲ་ཞིང་། རྐང་པ་གཉིས་པ་དང་བཞི་པའི་ཐོག་མར་ཡོད་པའི་ཟུང་ལྡན་ཡང་འདྲ་བའི་བར་ཆོད་པའི་ཟུང་ལྡན། ༡༣ རྐང་པ་དང་པོ་དང་། ཐ་མའི་ཐོག་མར་ཡོད་པའི་ཟུང་ལྡན་འདྲ་ལ། བར་བ་གཉིས་ཀྱི་ཐོག་མའི་ཟུང་ལྡན་ཡང་འདྲ་བའི་བར་ཆོད་པའི་ཟུང་ལྡན་བཅས་ཡིན། |
| Domain | རྩོམ་རིག |