23032

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོགས་བཅས་ཐོགས་མེད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཁམས་བཅོ་བརྒྱད་ལས་ཐོགས་པ་དང་བཅས་པ་ཡིན་པ་ནི་གཟུགས་ཅན་བཅུའོ། །དེ་ཡང་འདིར་ཐོགས་པའི་དོན་ནི་རྡུགས་པ་སྟེ། དེ་ལ་ཡང་གཟུགས་ཅན་གཅིག་གི་གོ་སར་གཞན་འཇུག་པ་དེ་ལ་ཐོགས་ནས་གཞན་གྱི་གེགས་བྱེད་པའི་སྒྲིབ་པ་ལ་ཐོགས་པ་དང། མིག་ལ་སོགས་པས་རང་ཡུལ་གཅིག་འཛིན་པ་ན་དེ་ལ་ཐོགས་ནས་ཡུལ་གཞན་འཛིན་པའི་གེགས་བྱེད་པའི་ཡུལ་ཐོགས་དང། སེམས་དང་སེམས་བྱུང་གིས་རང་གི་དམིགས་པ་གཅིག་འཛིན་པ་ན་དེ་ལ་ཐོགས་ནས་དམིགས་པ་གཞན་འཛིན་པའི་གེགས་བྱེད་པའི་དམིགས་ཐོགས་དང་གསུམ་ལས་འདིར་སྒྲིབ་པ་ལ་ཐོགས་པའི་ཐོགས་བཅས་ཡིན་པའི་ཕྱིར་རོ། །ཁམས་ལྷག་མ་བརྒྱད་ནི་དེ་མ་ཡིན་པའི་ཕྱིར་ཐོགས་མེད་དུ་གྲུབ་བོ། །ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། ། གཟུགས་ཅན་གྱི་ཁམས་བཅུ་ནི་ཐོགས་བཅས་ཡིན་ཏེ། སྒྲིབ་པ་ལ་ཐོགས་པ་དང་བཅས་པའི་ཕྱིར། གཞན་རྣམས་ནི་དེ་དང་བྲལ་བས་ཐོགས་མེད་ཀྱི་ཁམས་སུ་བཞག་གོ ། སྤྱིར་ཐོགས་བཅས་ལ་མིང་གི་སྒོ་ནས་སྒྲིབ་ཐོགས། ཡུལ་ཐོགས། དམིགས་ཐོགས་དང་གསུམ། དང་པོ་ནི། གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། །ཞེས་པ་ལྟར་རང་ཉིད་གནས་པའི་གོ་ས་དེར། གཟུགས་ཅན་གཞན་འཇུག་པའི་སྒོ་གེགས་བྱེད་པ་སྟེ། འདི་དང་གཟུགས་ཅན་གྱི་ཁམས་དོན་གཅིག་གོ ། གཉིས་པ་ནི། གཟུགས་སོགས་ཡུལ་དུ་བྱེད་པ་ཅན་གྱི་དབང་པོ་གཟུགས་ཅན་པ་དང་། སེམས་སེམས་བྱུང་རྣམས་སོ། །གསུམ་པ་ནི། གཟུགས་སོགས་ལ་དམིགས་པའི་སེམས་སེམས་བྱུང་རྣམས་ཁོ་ན་སྟེ། དབང་པོ་གཟུགས་ཅན་པ་རྣམས་ཀྱིས་དམིགས་པ་མེད་པའི་ཕྱིར་ཏེ། གཟུགས་ལ་སོགས་པ་རྣམས་དབང་པོ་གཟུགས་ཅན་པ་རྣམས་ཀྱི་ཡུལ་ཡིན་གྱི། དམིགས་པ་མ་ཡིན་ལ། མིག་གི་རྣམ་ཤེས་སོགས་ཀྱི་ཡུལ་དང། དམིགས་པ་གཉིས་ཀ་ཡིན་པའི་ཕྱིར་། ཐོགས་པ་ཕྱི་མ་གཉིས་ནི་བཏགས་པ་ཡིན་ཏེ། ཡུལ་གྱི་ཡུལ་ཅན་བྱེད་པ་ཙམ་དང་། ཡུལ་ལ་དམིགས་པ་ཙམ་ལ་དེ་དང་དེར་འཇོག་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཐོགས་བཅས་ཐོགས་མེད་

|; |@@@ | | }}