23035

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོགས་མེད་མཆེད་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་ཐོགས་མེད་དང་དབྱིག་གཉེན་མཆེད་གཉིས། དེ་ཡང་འཕགས་པ་ཐོགས་མེད་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལྷག་སོང་ཞིང་དུས་རབས་བཞི་པ་ཙ་ན་བྲམ་ཟེ་མོ་སུ་པྲ་ཀཱ་ཤཱ་ལ་ཞེས་པའི་སྲས་སུ་འཁྲུངས། ཆུང་དུས་ནས་རིག་གནས་མཁས་པར་སྦྱངས། རབ་ཏུ་བྱུང་ནས་མཁན་པོ་དང་སློབ་དཔོན་དང་དགེ་འདུན་གྱི་ཞབས་འབྲང་གི་བྱ་བས་དུས་འདའ་བ་ལོ་གཅིག་ཏུ་མཛད་ནས། བསྙེན་པར་རྫོགས་ཏེ་ལོ་ལྔའི་བར་དུ་ཀློག་པ་ལ་བརྩོན་པར་གནས་ཏེ། ལོ་རེར་ཚིགས་བཅད་འབུམ་གྱི་ཚིག་དོན་ཐམས་ཅད་ཆུབ་པར་བྱས། རི་བོ་བྱ་རྐང་ཅན་དུ་འཕགས་པ་བྱམས་པ་ལོ་བཅུ་གཉིས་བསྒྱུབས་ནས་ཐུན་མོང་གི་དངོས་གྲུབ་དང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། དགའ་ལྡན་དུ་མགོན་པོ་མི་ཕམ་པ་ལས་ཐེག་ཆེན་པའི་ཆོས་མ་ལུས་པ་མཐའ་དག་གསན། མདོ་སྡེ་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད། བྱམས་པའི་ཆོས་སྡེ་ལྔ་ཡེ་གེར་བཀོད། མངོན་པ་ཀུན་བཏུས། ཐེག་པ་ཆེན་པོ་བསྡུས་པ། ས་སྡེ་ལྔ། མངོན་རྟོགས་རྒྱན་གྱི་རྣམ་བཤད་སོགས་བསྟན་བཅོས་ཕལ་ཆེར་མཛད། གྲོང་ཁྱེར་ས་ག་རིར་ཆོས་རྒྱ་ཆེར་བསྟན་པས་ཐེག་པ་ཆེན་པོ་ལ་རིགས་སད་ཅིང་མདོ་སྡེའི་དོན་ལ་བློ་གྲོས་རྒྱས་པ་སྟོང་ཕྲག་ལྷག་བྱུང་། ཐེག་པ་ཆེན་པོའི་བསྟན་པ་སླར་གསོས། མཆོད་རྟེན་དང་ལྷ་ཁང་མང་པོ་བཞེངས་ནས་ཐེག་ཆེན་གྱི་ཆོས་གཞི་གཙུགས། སྐུ་ཚེ་སྨད་ཀྱི་དུས་ན་ནཱ་ལནྡྲར་ལོ་བཅུ་གཉིས་བཞུགས། མུ་སྟེགས་ཀྱི་རྒོལ་བ་ཚར་བཅད། འཛམ་གླིང་མཛེས་པའི་རྒྱན་གཅིག་རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་པོ་སློབ་དཔོན་ཐོགས་མེད་འདི་མཐར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་སྐུ་ཞི་བར་གཤེགས་སོ། །

{{#arraymap:ཐོགས་མེད་མཆེད་གཉིས་

|; |@@@ | | }}