23077

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོད་བརྒལ་དངོས་གཞིའི་སྙོམས་འཇུག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ངེས་ཚིག ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། སྙོམས་འཇུག་གི་ས་བརྒྱད་ལ་མཐར་ཆགས་སུ་མིན་པར་རེ་རེ་བོར་བའམ་བརྒལ་ནས་སྙོམས་པར་འཇུག་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། ཞེས་དང་། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། ཐོད་བརྒལ་གྱི་དངོས་གཞིའི་སྙོམས་འཇུག་ཆོས་ཅན། འཇོག་ཚུལ་ཡོད་དེ། སྦྱོར་བ་གཉིས་ཀྱི་རྗེས་སུ་ཟག་བཅས་ཀྱི་བསམ་གཏན་དང་པོ་ནས་ཟག་བཅས་དང་རིགས་མི་མཐུན་པའི་ཟག་མེད་ཀྱི་བསམ་གཏན་གསུམ་པར་འགྲོ་བ་སྟེ་འཇུག ། དེ་ནས་ཡང་ཟག་མེད་དང་རིགས་མི་མཐུན་པའི་ཟག་བཅས་ནམ་མཁའ་ཡས་དང་། དེ་ནས་དེ་དང་རིགས་མི་མཐུན་པའི་ཟག་མེད་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་། དེ་བཞིན་དུ་ལུགས་མི་མཐུན་དུའང་ཟག་བཅས་ཟག་མེད་སྤེལ་ནས་སྙོམས་པར་འཇུག་པ་ནི་ཐོད་བརྒལ་གྱི་སྙོམས་པར་འཇུག་པ་ཡིན་པའི་ཕྱིར། ཞེས་གསུངས།