23091

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོད་རྒལ་གྱི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སྤེལ་གཞི་བསམ་གཟུགས་བརྒྱད་དང་སྤེལ་ཆོས་འགོག་པ་དང་འདོད་སེམས་སོགས་གོ་རིམ་འཆོལ་ནས་སྒོམ་པའི་ཏིང་ངེ་འཛིན་ཞིག་ལ་ཐོད་རྒལ་གྱི་ཏིང་ངེ་འཛིན་ཞེས་འཇོག སྙོམས་པར་འཇུག་ཚུལ་ཡོད་དེ། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། སྦྱོར་བ་ལ་སྙོམས་པར་འཇུག་ཚུལ་དང་། དངོས་གཞི་ལ་སྙོམས་པར་འཇུག་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྔོན་དུ་ཐོད་རྒལ་གྱི་རིང་སྦྱོར་སེང་གེ་རྣམ་བསྒྱིངས་ཕྲུགས་གཅིག་དང་། དེ་རྗེས་བར་དུ་གང་ཡང་མ་སྤེལ་བའི་མཐར་གནས་སྙོམས་འཇུག་དགུ་ལ་སྙོམས་པར་འཇུག་པའི་ཉེ་སྦྱོར་ལ་སྙོམས་པར་འཇུག་པའི་ཕྱིར། གཉིས་པ་གྲུབ་སྟེ། ཡར་སོང་གི་དངོས་གཞི་ལ་སྙོམས་པར་འཇུག་ཚུལ་དང་། དེ་རྗེས་མར་འོང་གི་དངོས་གཞི་ལ་སྙོམས་པར་འཇུག་ཚུལ་དང་། དེ་གཉིས་ཀྱི་མཚམས་ལ་སྙོམས་པར་འཇུག་ཚུལ་དང་གསུམ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཡར་སོང་བསམ་གཟུགས་བརྒྱད་ལ་འགོག་པ་སྤེལ་ནས་སྙོམས་པར་འཇུག་པའི་ཕྱིར། གཉིས་པ་གྲུབ་སྟེ། མར་འོང་མཐར་གནས་སྙོམས་འཇུག་དགུ་ལ་འདོད་སེམས་སྤེལ་ནས་སྙོམས་པར་འཇུག་པའི་ཕྱིར། གསུམ་པ་གྲུབ་སྟེ། ཡར་སོང་མར་འོང་གཉིས་ཀྱི་མཚམས་སུ་སྲིད་རྩེའི་སེམས་ལ་ནུད་ཆུང་བྱས་ཏེ། འདོད་སེམས་མངོན་དུ་བྱེད་པའི་ཕྱིར། དོགས་དཔྱོད་ནི། འོ་ན། ཡར་སོང་ལ་འགོག་པ་དང་མར་འོང་ལ་འདོད་སེམས་སྤེལ་བར་གསུངས་པ་དེ་ཁོ་ནར་ངེས་སམ་ཞེ་ན། མ་ངེས་ཏེ། དེ་ལྟར་གསུངས་པ་མཚོན་པ་ཙམ་ཡིན་པས། ཡར་སོང་ལ་འདོད་སེམས་དང་མར་འོང་ལ་འགོག་པ་སྤེལ་བའི་ཐོད་རྒལ་ཡོད་པའི་ཕྱིར། དེར་ཐལ། བྱང་སེམས་སྒོམ་ལམ་པ་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་དབང་ཐོབ་པ་རྣམས་ཀྱིས། འགོག་སྙོམས་དང་འདོད་སེམས་གཉིས་སྤེལ་ཆོས་སུ་གང་བྱེད་ལ་དགའ་མགུར་ཞུགས་པས་ཆོག་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཐོད་རྒལ་གྱི་ཏིང་ངེ་འཛིན་

|; |@@@ | | }}