23092

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཐོད་རྒལ་གྱི་སྦྱོར་བའི་སྙོམས་འཇུག་དང་དེའི་དངོས་གཞིའི་སྙོམས་འཇུག་གང་རུང་གང་ཞིག འདྲ་བ་ལ་སྤེལ་གཞི་སྤེལ་ཆོས་མི་འདྲ་བར་སྤེལ་ནས་སྙོམས་པར་འཇུག་པའི་སྙོམས་འཇུག་དེ། ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད་ཡིན་ཏེ། འདི་ཉིད་ལས། འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་པ་དང༌། དེའི་འགྲེལ་པར། མི་འདྲ་བར་འགྲོ་བ་ནི། ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་དབང་བ་ཉིད་དོ། །ཞེས་གསུངས་པའི་ཕྱིར། ཐོད་རྒལ་གྱི་སྙོམས་འཇུག་དང་དེའི་དངོས་གཞིའི་སྙོམས་འཇུག་གཉིས་དོན་གཅིག་སྟེ། དེའི་སྦྱོར་བའི་སྙོམས་འཇུག་ཡིན་ན། དེའི་སྙོམས་འཇུག་མིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན་དེའི་ཏིང་ངེ་འཛིན་ཐོབ་བྱེད་ཀྱི་ཐབས་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན་དེའི་ཏིང་ངེ་འཛིན་གྱི་སྦྱོར་བ་ཡིན་དགོས་པའི་ཕྱིར། དེ་ལ་དབྱེ་ན། ཡར་སོང་ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་དང༌། མར་འོང་ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་གཉིས་ཡོད། ཡང་དེ་ལ་དབྱེ་ན། ཐོད་རྒལ་ཆེན་པོའི་དངོས་གཞིའི་སྙོམས་འཇུག་ལ་སོགས་པ་གསུམ་དུ་ཡོད། སྒོམ་ལམ་ཆེན་པོས་བསྡུས་པའི་ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་དེ་དང་པོ་དང༌། སྒོམ་ལམ་ཆུང་ངུས་བསྡུས་པའི་ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་དེ་དེ་ཆུང་ངུའི་དེ་དང༌། སྒོམ་ལམ་འབྲིང་གིས་བསྡུས་པའི་ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་དེ་དེ་འབྲིང་གི་དེ་ཡིན་ནོ། །ཡང་དེ་ལ་གནས་ཀྱི་སྒོ་ནས་དབྱེ་ན། འདོད་སེམས་སྤེལ་ཆོས་སུ་བྱེད་པའི་ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་ནས། འགོག་སྙོམས་ཀྱི་ཏིང་ངེ་འཛིན་སྤེལ་ཆོས་སུ་བྱེད་པའི་ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་གི་བར་བཅུ་ཡོད། ས་མཚམས་ནི། ཕྱིར་འོང་གི་ཞུགས་པའི་རྒྱུད་ལ་ཡང་ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་ཡོད་དེ། དེའི་རྒྱུད་ལ་བསམ་གཟུགས་བརྒྱད་ལ་འགོག་སྙོམས་ཀྱི་ཏིང་ངེ་འཛིན་སྤེལ་ནས་སྙོམས་པར་འཇུག་པའི་སྙོམས་འཇུག་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་སྙོམས་འཇུག་དགུའི་ཏིང་ངེ་འཛིན་ཡོད་པའི་ཕྱིར། དེ་ལ་བརྟེན་ནས་རང་རྒྱལ་སློབ་པ་འཕགས་པའི་རྒྱུད་ལ་ཡང་ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་ཡོད་པར་ཤེས་ནུས་ཏེ། དེའི་རྒྱུད་ལ་འགོག་པའི་སྙོམས་འཇུག་ཡོད་པའི་ཕྱིར། ཐེག་དམན་དགྲ་བཅོམ་རྣམས་ཀྱི་རྒྱུད་ལ་ཐོད་རྒལ་གྱི་སྦྱོར་བའི་སྙོམས་འཇུག་ཡོད་དེ་དེ་རྣམས་ཀྱི་རྒྱུད་ལ་མཐར་གནས་སྙོམས་འཇུག་དགུའི་ཏིང་ངེ་འཛིན་ལ་མཐར་ཆགས་སུ་སྙོམས་པར་འཇུག་པའི་སྙོམས་འཇུག་ཡོད་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་

|; |@@@ | | }}