23097

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོད་རྒལ་ཉེ་སྦྱོར་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དངོས་གཞི་ཐོད་རྒལ་ཐོབ་ཕྱིར་དུ་མཐར་གནས་ཀྱི་སྙོམས་འཇུག་ལ་རིགས་མཐུན་དུ་བརྒལ་ནས་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་ནི་དེའི་ཉེ་སྦྱོར་གྱི་མཚན་ཉིད། དེ་ལ་ཟག་བཅས་དང་ཟག་མེད་ཀྱི་ཉེ་སྦྱོར་རྣམ་པ་གཉིས། དང་པོ་ནི། ཟག་བཅས་ཀྱི་བསམ་གཏན་དང་པོ་གསུམ་པ། ནམ་མཁའ་མཐའ་ཡས། ཅི་ཡང་མེད་རྣམས་ལ་ལུགས་མཐུན་དང་ལུགས་མི་མཐུན་དུ་འཇུག་པའོ། །གཉིས་པ་ནི། ཟག་མེད་ཀྱི་བསམ་གཏན་དང་པོ་དང་། གསུམ་པ་སོགས་བཞི་པོ་དེ་ལ་ལུགས་མཐུན་དང་ལུགས་མི་མཐུན་དུ་འཇུག་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །ཉན་ཐོས་པའི་ལུགས་ཀྱི་ཐོད་རྒལ་སྙོམས་འཇུག་གི་ཉེ་སྦྱོར་ནི། ཟག་བཅས་བརྒྱད་ལ་རེ་རེ་བོར་ནས་ལུགས་མཐུན་དུ་སོང་ཞིང་ལུགས་བཟློག་ཏུ་འོང་ནས་ཟག་མེད་བདུན་ལ་ཡང་དེ་བཞིན་དུ་སྙོམས་པར་འཇུག་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྙོམས་འཇུག་རབ་གསལ་ལས་སོ། །ཐོད་རྒལ་ཉེ་སྦྱོར་ནི། ཟག་བཅས་ལ་གཅིག་སྟེ་བར་དུ་རེ་རེ་བརྒལ་ནས་ལུགས་མཐུན་དུ་སོང་ཞིང་ལུགས་མི་མཐུན་དུ་འོང་བའོ། །དེ་བཞིན་དུ་ཟག་མེད་བདུན་ལའང་བར་དུ་རེ་རེ་བརྒལ་ནས་ལུགས་མཐུན་དང་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །
Domain ཆོས་ལུགས།