23100

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོད་རྒལ་རིང་སྦྱོར་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དངོས་གཞི་ཐོད་རྒལ་ཐོབ་ཕྱིར་དུ་མཐར་གནས་ཀྱི་སྙོམས་འཇུག་ལ་རིགས་མཐུན་ཐར་ཆགས་སུ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་ནི་ཐོད་རྒལ་གྱི་རིང་སྦྱོར་གྱི་མཚན་ཉིད། དེ་ལ་ཟག་བཅས་ཀྱི་རིང་སྦྱོར་དང་། ཟག་མེད་ཀྱི་རིང་སྦྱོར་གཉིས། དང་པོ་ནི་ཟག་བཅས་ཀྱི་སྙོམས་འཇུག་བརྒྱད་ལ་ལུགས་མཐུན་དང་ལུགས་མི་མཐུན་གཉིས་སུ་འཇུག་པའོ། །གཉིས་པ་ནི། ཟག་མེད་ཀྱི་སྙོམས་འཇུག་བརྒྱད་ལ་ལུགས་མཐུན་དང་ལུགས་མི་མཐུན་གཉིས་སུ་འཇུག་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། ཉན་ཐོས་པའི་ལུགས་ཀྱི་ཐོད་རྒལ་སྙོམས་འཇུག་གི་རིང་སྦྱོར་ནི། ཆོས་གཞན་སྤེལ་བ་དང་བོར་བ་གང་ཡང་མེད་པར་ཟག་བཅས་བརྒྱད་ལ་ཡར་སོང་ཞིང་མར་འོང་ནས་ཟག་མེད་བདུན་ལ་ཡང་དེ་བཞིན་དུ་སྙོམས་པར་འཇུག་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྙོམས་འཇུག་རབ་གསལ་ལས་སོ། ། ཐོད་རྒལ་རིང་སྦྱོར་ནི། གང་ལ་ཐོད་རྒལ་དུ་བྱ་བའི་གཞི་ས་རྣམ་པ་བརྒྱད་ལ་ཟག་བཅས་དང་ཟག་མེད་རྣམ་པ་གཉིས་འབྲེལ་བ་སྟེ། གོ་རིམ་བཞིན་དུ་འཇུག་སྟེ། ཟག་བཅས་བརྒྱད་ལ་ལུགས་མཐུན་མི་མཐུན་གཉིས་དང་ཟག་མེད་བདུན་ལ་ལུགས་མཐུན་མི་མཐུན་གཉིས་སུ་འབྲེལ་བར་འཇུག་པའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:ཐོད་རྒལ་རིང་སྦྱོར་

|; |@@@ | | }}