23114

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོད་སྒྲུབ་རིན་ཆེན་འབར་བ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། ཐོད་སྒྲུབ་རིན་ཆེན་འབར་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ནོར་སྒྲུབ་ཡིད་བཞིན་ནོར་བུ་འདི༔ ཤིན་ཏུ་ཟབ་ཕྱིར་གཏེར་དུ་སྦས༔ ཤིན་ཏུ་གསང་བའི་ཡང་ཟབ་འདི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་གདན་དྲངས་པའོ། །འདིའི་ནང་དོན་བརྗོད་བྱ་ནི། སྦྱོར་བ་སྔོན་འགྲོར་གཟའ་སྐར་ཚེས་གྲངས་བཟང་བ་ལ་དཀར་གསུམ་མངར་གསུམ་ལ་སོགས་པའི་རྫས་རྣམས་བཤམས་ཤིང་། དངོས་གཞིར་ཐོད་པ་དར་སྣ་ལྔ་དང་རཏྣ་ལྔ་ཡིས་དྲིལ་ཏེ་ཡིད་བཞིན་གྱི་ནོར་བུར་བསམས་པའི་ངང་ནས་ཕྱི་ནང་གི་མཆོད་གཏོར་རྣམས་བཤམས་ལ། ལས་གཞུང་བསྲངས་ཤིང་མཚམས་བཅད་དེ། རྗེས་ལ་ཞལ་གདམས་ཟབ་རྒྱ་བསྡམས་པ་བཅས་ཀྱི་སྒོ་ནས་ཐོད་པ་སྒྲུབ་པའོ། །
Domain ཆོས་ལུགས།

{{#arraymap:ཐོད་སྒྲུབ་རིན་ཆེན་འབར་བ་

|; |@@@ | | }}