23156

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོབ་པའི་ཁྱད་པར་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཐོབ་པའི་ཁྱད་པར་སྟོན་པ་ལ། མིག་དང་། རྣམ་ཤེས་ཁམས་དག་སོ་སོ་དང་། ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད། ཅེས་གསུངས། དེ་དག་ལ་ཐོབ་ཚུལ་གྱི་ཁྱད་པར་ཡོད་དེ། མིག་དང་མིག་གི་རྣམ་ཤེས་ཀྱི་ཁམས་གཉིས་སོ་སོར་ཐོབ་པ་ཡོད་ལྷན་ཅིག་ཏུ་ཐོབ་པ་ཡང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། འདོད་ཁམས་ན་དབང་པོ་རྣམས་རིམ་གྱི་གྲུབ་པ་ན་མིག་དང་མིག་གི་རྣམ་ཤེས་ཀྱི་ཁམས་གཉིས་སྔ་ཕྱི་སོ་སོར་གྲུབ་པ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། གཟུགས་མེད་ནས་འདོད་པར་སྐྱེས་པའི་ཚེ་མིག་དང་མིག་གི་རྣམ་ཤེས་ལྷན་ཅིག་ཏུ་གསར་དུ་ཐོབ་པའི་ཕྱིར། ཡང་གི་སྒྲས་གཟུགས་མེད་ནས་གཟུགས་མེད་དུ་སྐྱེས་པ་ལྟ་བུའི་ཚེ་དེ་གཉིས་གསར་དུ་མི་ཐོབ་པ་ཡང་ཡོད་ཅེས་བསྟན་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:ཐོབ་པའི་ཁྱད་པར་

|; |@@@ | | }}