23158

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོབ་པའི་ཉམས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཐོབ་པའི་ཉམས་ནི་དཔལ་དུས་ཀྱི་འཁོར་ལོའི་ཐུན་མིན་སྔོན་འགྲོ་དབེན་གསུམ་གྱི་སྐབས་ཀྱི་སེམས་ཉམས་ལ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ཏེ་ལྔ་ཡོད་པ་ལས་གཉིས་པ་ཐོབ་པའི་ཉམས་ཏེ། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ལས། སྐྱོན་ཡོན་དགའ་སྡུག་གང་དུ་ཡང་མ་བལྟས་པར་བསྒོམ་པས། རྣམ་རྟོག་མང་པོ་འཕྲོ་བ་ཅུང་ཟད་རེ་ཞི་མལ་སོང་བ་དང། ལུས་དང་དབུགས་ཀྱང་བདེ་བ་སྙམ་བྱེད། དེའི་འཕྲོ་ལ་སྔར་བཞིན་རྣམ་རྟོག་ལྡང་ཞིང། ལུས་དང་དབུགས་ཀྱང་མི་བདེ་བ་སྐྱེ། དེ་ནི་ཐོབ་པ་ཞེས་བྱ་བའི་ཉམས་ཏེ། དཔེ་རོང་ཁུང་དོག་པོའི་འབབ་ཆུ་དང་འདྲའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།