23159
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། བྱེ་བྲག་སྨྲ་བའི་ལུགས་ཀྱི་མི་ལྡན་འདུ་བྱེད་ཐོབ་པའི་ཁྱད་ཆོས་དྲུག་གི་ནང་གསེས་ཤིག་སྟེ། ཐོབ་པར་བྱ་བའི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་བས་དེ་དག་གི་ཐོབ་པའང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམ་པ་གསུམ་དུ་འགྱུར་ཏེ། ཆོས་འདས་པའི་ཐོབ་པའང་འདས་པ་དང་། ཆོས་འདས་ཀྱང་ཐོབ་པ་ད་ལྟར་བ་དང་། མ་འོངས་པ་ན་ཡོད་པའང་སྲིད་ལ། དེ་བཞིན་དུ་ཆོས་ད་ལྟར་བའི་ཐོབ་པ་འདས་པ་དང་ད་ལྟར་བྱུང་དང་མ་འོངས་པ་དང་། ཆོས་མ་འོངས་པའི་ཐོབ་པ་འདས་པ་དང་ད་ལྟར་བ་དང་མ་འོངས་པར་འབྱུང་བའང་སྲིད་དོ། །འགོག་པ་གཉིས་ཀྱི་ཐོབ་པ་དུས་ཀྱིས་བསྡུས་ཀྱང་ཐོབ་བྱའི་ཆོས་ལ་དུས་ཀྱི་དབྱེ་བ་མེད་དོ། ། |
Domain | ཆོས་ལུགས། |
{{#arraymap:ཐོབ་པའི་དུས་ཀྱི་ཁྱད་པར་
|; |@@@ | | }}