23161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོབ་པའི་རང་བཞིན་བདུན་ (1)
Part of speech མིང་ཚིག
Definition རྒྱུ་འདོད་ཆགས་ཀྱིས་སེམས་རྨོངས་པར་བྱས་པའི་འབྲས་བུ་མ་རིག་པ་ནི་ཆགས་པས་གོས་པའི་བར་མ་སྟེ་རྣམ་པ་མི་གསལ་བས་མ་རིག་པ། དེ་བཞིན་དུ་དྲན་པ་ཉམས་པའི་བརྗེད་ངས། ཆེན་པོ་ལ་ཆུང་ངུར་འཛིན་པ་དང༌། གཟུགས་ལ་སྒྲར་འཛིན་པའི་འཁྲུལ་པ། ངག་སྨྲ་བར་མི་སྤྲོ་བ་ནི་མི་སྨྲ་བར་གྱུར་པའི་སེམས། ཡུལ་གང་ཡིན་ཀྱང་དེས་སུན་པའི་སྐྱོ་བ། དགེ་བ་ལ་མི་སྤྲོ་བའི་ལེ་ལོ། ཡིད་གཉིས་ཟ་བའི་ཐེ་ཚོམ་སྟེ། མ་རིག་པའི་སྐད་ཅིག་བདུན་ནོ། །
Domain ཆོས་ལུགས།