23213

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོས་པ་ཕུན་སུམ་ཚོགས་པ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ལེགས་པར་སྟོན་པས་བཤད་པ། ཚིག་དང་ཡི་གེ་གསལ་བར་བཤད་པ། ཇི་སྙེད་ཡོད་པ་དང༌། ཇི་ལྟ་བ་བཞིན་དུ་ཡོད་པའི་དོན་བཤད་པ། སྦྱོར་བ་ཐབས་སླ་བ་བཤད་པ། སྡུག་བསྔལ་ཐམས་ཅད་ངེས་པར་འབྱིན་པ་བཤད་པ། ཀླན་ཀ་ཚོལ་བའི་བསམ་པ་མེད་པས་ཉན་པ། མྱ་ངན་ལས་འདས་པའི་བསམ་པས་ཉན་པ། ལེགས་པར་ཉན་པ། རབ་ཏུ་ཉན་པ། མིང་དང་ཚིག་དང་ཡི་གེའི་ཚོགས་ལ་བརྟེན་པའི་དོན་ལེགས་པར་རྟོགས་པའོ། །
Domain ཆོས་ལུགས།