23226

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོས་པ་སྒྲུབ་པས་མངོན་པར་འཕགས་པར་འགྱུར་བ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། རྙེད་པ་དང་བཀུར་སྟི་རྣམས་ལ་འདོད་པ་ཉུང་ཞིང་ཆོག་ཤེས་པ། ཡོངས་སུ་ཚོལ་བ་ལ་ལུས་དང་སྲོག་ལ་མི་ལྟ་བ། སྤྱོད་ལམ་རྣམས་ལ་དྲན་པ་དང༌། ཤེས་བཞིན་དང༌། ཇི་སྐད་ཐོས་པ་ལ་ཤས་ཆེར་ཡོངས་སུ་རྟོག་པ། འདུ་འཛི་མེད་པས་བྱ་བ་ཉུང་བ། སྦྱོར་བ་ལ་བརྩོན་པའི་བརྩོན་འགྲུས་ཀྱིས་ནམ་གྱི་ཆ་སྟོད་དང༌། ནམ་གྱི་ཆ་སྨད་ལ་མི་ཉལ་བ། བླ་མ་ལ་གུས་པ་དང༌། རི་མོ་བྱེད་པ། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པས་དག་པའི་བཤེས་གཉེན་ལ་བསྟེན་པ། སྙིང་རྗེ་ཆེན་པོས་སེམས་ཅན་ལ་ལྟ་བ། ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཕགས་པའི་སྐྱེ་བོ་ལ་རིམ་གྲོ་བྱེད་པ། ཤེས་པས་ལྷ་དང་བཅས་པའི་འཇིག་རྟེན་ཡོངས་སུ་སྐྱོབ་པའོ། །
Domain ཆོས་ལུགས།