23232
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ འདུན་པའི་རྣམ་པ། ༢ བསམ་པའི་རྣམ་པ། ༣ ལྷག་པའི་བསམ་པའི་རྣམ་པ། ༤ སྦྱོར་བའི་རྣམ་པ། ༥ དགེ་བའི་བཤེས་གཉེན་གྱི་རྣམ་པ། ༦ ང་རྒྱལ་མེད་པའི་རྣམ་པ། ༧ བག་ཡོད་པའི་རྣམ་པ། ༨ ལུས་པར་བྱེད་པའི་རྣམ་པ། ༩ མཐུན་པར་འཛིན་པའི་རྣམ་པ། ༡༠ བཀའ་བློ་བདེ་བའི་རྣམ་པ། ༡༡ བསྙེན་བཀུར་བྱེད་པའི་རྣམ་པ། ༡༢ རྣ་བ་བླགས་ཏེ་ཉན་པའི་རྣམ་པ། ༡༣ ཡིད་ལ་བྱེད་པའི་རྣམ་པ། ༡༤ རྣམ་པར་མི་གཡེང་བའི་རྣམ་པ། ༡༥ གནས་ཀྱི་རྣམ་པ། ༡༦ རིན་པོ་ཆེར་འདུ་ཤེས་པའི་རྣམ་པ། ༡༧ སྨན་དུ་འདུ་ཤེས་པའི་རྣམ་པ། ༡༨ ཉོན་མོངས་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་རྣམ་པ། ༡༩ དྲན་པའི་སྣོད་ཀྱི་རྣམ་པ། ༢༠ རྟོགས་པའི་ཤེས་པའི་རྣམ་པ། ༢༡ བློ་གྲོས་འདོད་པའི་རྣམ་པ། ༢༢ བློ་ལ་འཇུག་པའི་རྣམ་པ། ༢༣ སངས་རྒྱས་ཀྱི་ཆོས་ལ་མི་ངོམས་པའི་རྣམ་པ། ༢༤ གཏོང་བ་སྤེལ་བའི་རྣམ་པ། ༢༥ དུལ་ཞིང་ཅང་ཤེས་པའི་རྣམ་པ། ༢༦ མང་དུ་ཐོས་པ་ལ་བསྟེན་པའི་རྣམ་པ། ༢༧ བསྟི་སྟང་དུ་བྱས་ཏེ་དགའ་བ་མྱོང་བར་བྱེད་པའི་རྣམ་པ། ༢༨ ལུས་བདེ་བའི་རྣམ་པ། ༢༩ སེམས་རབ་ཏུ་དགའ་བའི་རྣམ་པ། ༣༠ མི་སྐྱོ་བར་ཉན་པའི་རྣམ་པ། ༣༡ དོན་ཉན་པའི་རྣམ་པ། ༣༢ ཆོས་ཉན་པའི་རྣམ་པ། ༣༣ ནན་ཏན་ཉན་པའི་རྣམ་པ། ༣༤ གཞན་གྱིས་བསྟན་པ་ཉན་པའི་རྣམ་པ། ༣༥ ཆོས་མ་ཐོས་པ་ཉན་པའི་རྣམ་པ། ༣༦ མངོན་པར་ཤེས་པ་ཉན་པའི་རྣམ་པ། ༣༧ ཐེག་པ་གཞན་ལ་འདོད་པ་མེད་པའི་རྣམ་པ། ༣༨ ཕ་རོལ་ཏུ་ཕྱིན་པ་ཉན་པའི་རྣམ་པ། ༣༩ བྱང་ཆུབ་ཀྱི་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ། ༤༠ བསྡུ་བའི་དངོས་པོ་ཉན་པའི་རྣམ་པ། ༤༡ ཐབས་མཁས་པ་ཉན་པའི་རྣམ་པ། ༤༢ ཚངས་པའི་གནས་ཉན་པའི་རྣམ་པ། ༤༣ དྲན་པ་དང༌། ཤེས་བཞིན་ཉན་པའི་རྣམ་པ། ༤༤ སྐྱེ་བ་ལ་མཁས་པ་ཉན་པ་རྣམ་པ། ༤༥ མི་སྐྱེ་བ་མཁས་པ་ཉན་པའི་རྣམ་པ། ༤༦ མི་སྡུག་པའི་རྣམ་པ། ༤༧ བྱམས་པའི་རྣམ་པ། ༤༨ རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པ། ༤༩ མི་རྟག་པའི་རྣམ་པ། ༥༠ སྡུག་བསྔལ་བའི་རྣམ་པ། ༥༡ བདག་མེད་པའི་རྣམ་པ། ༥༢ ཞི་བའི་རྣམ་པ། ༥༣ སྟོང་པ་ཉིད་ཀྱི་རྣམ་པ། ༥༤ མཚན་མ་མེད་པའི་རྣམ་པ། ༥༥ སྨོན་པ་མེད་པའི་རྣམ་པ། ༥༦ མངོན་པར་འདུ་མི་བྱེད་པའི་རྣམ་པ། ༥༧ དགེ་བ་མངོན་པར་འདུ་བྱེད་པའི་རྣམ་པ། ༥༨ བདེན་པས་བྱིན་གྱིས་བརླབས་པའི་རྣམ་པ། ༥༩ ཆུད་མི་གཟོན་པའི་རྣམ་པ། ༦༠ རང་གི་ཁ་ན་ལས་པའི་རྣམ་པ། ༦༡ རང་གི་སེམས་སྲུང་བའི་རྣམ་པ། ༦༢ བརྩོན་འགྲུས་མི་གཏོང་བའི་རྣམ་པ། ༦༣ ཆོས་ལ་དེས་པར་སེམས་པའི་རྣམ་པ། ༦༤ ཉོན་མོངས་པའི་གཉེན་པོའི་རྣམ་པ། ༦༥ རང་གི་ཕྱོགས་སྲུང་བའི་རྣམ་པ། ༦༦ ཕ་རོལ་གྱི་ཕྱོགས་དང༌། ཉོན་མོངས་པ་ཚར་གཅོད་པའི་རྣམ་པ། ༦༧ ནོར་བདུན་ཡང་དག་པར་འདུ་བའི་རྣམ་པ། ༦༨ དབུལ་བ་ཐམས་ཅད་ཚར་གཅོད་པའི་རྣམ་པ། ༦༩ མཛངས་པའི་བསྔགས་པའི་རྣམ་པ། ༧༠ མཁས་པ་མངོན་པར་དགའ་བའི་རྣམ་པ། ༧༡ འཕགས་པས་ཀུན་ཤེས་པའི་རྣམ་པ། ༧༢ འཕགས་པ་མ་ཡིན་པ་དད་པར་བྱེད་པའི་རྣམ་པ། ༧༣ བདེན་པ་མཐོང་བའི་རྣམ་པ། ༧༤ ཕུང་པོའི་སྐྱོན་རྣམ་པར་སྤང་བའི་རྣམ་པ། ༧༥ འདུས་བྱས་ཡོངས་སུ་འཇལ་བའི་རྣམ་པ། ༧༦ དོན་ལ་རྟོན་པའི་རྣམ་པ། ༧༧ ཆོས་ལ་རྟོན་པའི་རྣམ་པ། ༧༨ ཡེ་ཤེས་ལ་རྟོན་པའི་རྣམ་པ། ༧༩ ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པའི་རྣམ་པ། ༨༠ སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ། ༨༡ བདག་དང༌། གཞན་ལ་ཕན་པའི་རྣམ་པ། ༨༢ ལེགས་པར་བྱས་པའི་ལས་ཀྱི་རྣམ་པ། ༨༣ མི་འགྱོད་པའི་རྣམ་པ། ༨༤ ཁྱད་པར་འགྲོ་བའི་རྣམ་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་རྣམ་པ་བཅས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་
|; |@@@ | | }}