23236
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ ཐོས་པས་ཐམས་ཅད་མི་འཛིན་པས་ཐོས་པ་དང་མི་ལྡན་ཞིང་སྒྲུབ་པ་ཉམས་པའི་བྱིས་པ་ཐམས་ཅད་ཡོངས་སུ་སྤོང་བ། ༢ ཡི་གེ་དང། སྒྲ་དང། ཚིག་གི་ལམ་ཐམས་ཅད་མངོན་དུ་རྣམ་པར་ཤེས་པར་བྱ་བའི་ཕྱིར། བྲག་ཆ་དང་མཚུངས་པ་ཉིད་དུ་ཁོང་དུ་ཆུད་པ། ༣ དོན་འདོད་པ་ཉིད་ཀྱི་ཕྱིར་ཐོས་པ་ཡོངས་སུ་ཚོལ་ཞིང་དགའ་མགུར་བྱ་བའི་ཕྱིར་མ་ཡིན་པ། ༤ བརྗོད་དུ་མེད་པའི་དོན་ལ་འཇུག་ཅིང་བརྗོད་པའི་དོན་མ་ཡིན་པའོ། ། |
| Domain | ཆོས་ལུགས། |