23239
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གྲྭ་ཚང་འདི་ནི་མདོ་སྨད་མཚོ་ལྷོ་བྲག་དཀར་རྫོང་ཁོངས་སུ་ཡོད་ལ། ༡༩༢༣ལོར་ཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱ་མཚན་གྱིས་ཕྱག་བཏབ། ཆོས་རྒྱུད་དགེ་ལུག་དང་ཀུན་མཁྱེན་ཡིག་ཆའི་ཐོག་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང་མུས་དང་། མིང་གཞན་བྲག་དཀར་སྤྲེལ་རྫོང་དགོན་པ་ཡང་ཟེར། སྤྲེལ་རྫོང་གནས་རི་འདི་མདོ་སྨད་ཀྱི་རྫོང་ཆེན་བཞིར་གྲགས་པའི་ཡ་གྱལ་ཞིག་ཡིན། སློབ་དཔོན་གྱིས་འདྲེ་སྲིན་བཏུལ་ཤུལ་དང་། ཡི་གེ་སོགས་རང་བྱོན་ཧ་ཅང་མང་། རིག་གསར་སྐབས་གཏོར་བཅོམ་ཚབ་ཆེན་བྱུང་། ཕྱིས་སུ་ཨ་ལགས་ཆུ་ཀྱཱ་ཚང་དང་ཁོང་གི་རྗེ་འབངས་ཡོངས་ཀྱིས་བསྐྱར་བཞེངས་བྱས་ཏེ་ད་ལྟ་དགོན་འདིར་དགེ་འདུན་བཞི་བརྒྱ་ལྷག་ཡོད། |