23240
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དེས་ན་སངས་རྒྱས་གསུང་རབ་དང་། །མཁས་པ་རྣམས་ཀྱི་བསྟན་བཅོས་ཀྱི། །ཚིག་དོན་ལ་ནི་བྱིན་རླབས་ཡོད། །འདི་འདྲ་ཉན་བཤད་བྱེད་པ་ལ། །ཐོས་པ་ཞེས་ནི་བརྗོད་པ་ཡིན། །དེ་དོན་དཔྱོད་པ་བསམ་པ་ཡིན། །ནན་ཏན་གྱིས་ནི་དེ་སྒྲུབ་པ། །བསྒོམ་པ་ཡིན་པར་ཤེས་པར་བྱ། །ཐོས་བསམ་བསྒོམ་གསུམ་དེ་ལྟར་གྱིས། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས། སངས་རྒྱས་ཀྱི་གསུང་རབ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་དང་། དེ་དག་གི་དགོངས་འགྲེལ་གྲུབ་ཐོབ་རྣམས་ཀྱིས་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་ལ་བྱིན་རླབས་ཡོད་པས་འདི་འདྲའི་བཀའ་དང་བསྟན་བཅོས་རྣམ་དག་ཉན་བཤད་བྱེད་པ་ལ། ཐོས་པ་ཞེས་བརྗོད་པ་ཡིན་ཅིང། དེའི་དོན་ཚུལ་བཞིན་དུ་དཔྱོད་པ་བསམ་པ་ཡིན་ལ། ནན་ཏན་གྱིས་དེ་བསྒྲུབ་པ་སྒོམ་པ་ཡིན་པར་ཤེས་པར་བྱས་ནས། ཐོས་བསམ་སྒོམ་གསུམ་དེ་ལྟར་གྱིས་ཏེ། དེ་ལྟ་བུའི་ཐོས་བསམ་སྒོམ་གསུམ་འདི་ནི་སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་ཡིན་པའི་ཕྱིར་རོ། །དེ་ཡང་ཐུབ་པ་དགོངས་གསལ་ལས། མདོར་ན་སངས་རྒྱས་ཀྱིས་གསུངས། སྡུད་པ་པོས་བསྡུས། གྲུབ་ཐོབ་ཀྱིས་བསྒོམ། པཎྜི་ཏས་བཤད། ལོ་ཙཱ་བས་བསྒྱུར། མཁས་པ་རྣམས་ལ་གྲགས་པ་ཅིག་སངས་རྒྱས་ཀྱི་བསྟན་ཡིན་པས་དེ་ལ་ཉན་བཤད་སྒོམ་བསྒྲུབ་བྱེད་དགོས་སོ་ཞེས་གསུངས་པ་ལྟར་རོ། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཐོས་བསམ་སྒོམ་གསུམ་
|; |@@@ | | }}