From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ད་ཆོག་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན་གྱི་རྣམ་འགྲེལ་ལས། གསོལ་བཞིའི་སྔོན་ཆོག་གནང་བའི་རྗེས་ཐོག་ཏུ། དེ་དག་ལ་མཁན་སློབ་མེད་པས་ལེགས་པར་མ་སྦྱངས་ཤིང་སྤྱོད་ལམ་རྒོད་བག་ཅན་དུ་གྱུར་པས་ཁྱིམ་པ་རྣམས་མ་དད་ཅིང་མུ་སྟེགས་རྣམས་ཀྱིས་འཕྱ་བར་གྱུར་ལ། དགེ་སློང་འགའ་ཞིག་ནད་གཡོག་མེད་པར་ཤི་བར་གྱུར་པའི་སྐབས་དེ་གསོལ་བས། མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ་བ་གནང་ངོ་། །ཞེས་དང། ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས། ད་ལྟར་གྱི་ཆོ་ག་ནི། ཐོག་མར་དགེ་བསྙེན་དང་། དེ་ནས་དགེ་ཚུལ་དང་། དེ་ནས་མཁན་པོ་དང་སློབ་དཔོན་དང་བཅས་ཏེ་གསོལ་བཞིའི་ལས་ནི་སྔོན་དུ་འགྲོ་བས་བསྙེན་པར་རྫོགས་པར་བྱས་ཏེ། བསྙེན་པར་རྫོགས་པ་འདི་དག་ལ་སྔར་བཤད་པ་ཉིད་ཀྱི་རིགས་དང་མདོག་དང་དབྱིབས་ཀྱི་སྐྱོན་ལ་སོགས་པ་བར་ཆད་དུ་བགྲང་བའི་ཉེས་པར་གྲགས་པ་མེད་པ་ཞིག་དགོས་པ་ཡིན་ནོ། །ཞེས་དང་། པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས། སྔོན་ཆོག་གི་རྗེས་སུ་བཅས་པ་མཛད་པའི་གསོལ་བཞིའི་ཆོ་ག་འཁོར་དང་བཅས་པ་དེ། ད་ལྟར་ཆོ་གའི་མཚན་ཉིད། དབྱེ་ན། བཅུ་ཚོགས་དང། ལྔ་ཚོགས་དང། དགེ་འདུན་སྡེ་གཉིས་ལས་རྫོགས་པ་དང། འཕྲིན་གྱིས་ཚིགས་སྔ་ཕྱི་རིམ་ཅན་དུ་སྒྲུབ་པར་བྱེད་པ་རྣམས་སོ། །ཞེས་དང་། པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། ད་ལྟར་གྱི་གདུལ་བྱ་སྨིན་གསུམ་ཤས་ཆུང་ཞིང། སྒྲིབ་གསུམ་ཤས་ཆེ་བའི་རིགས་ཅན་གཙོ་བོར་རྗེས་སུ་བཟུང་བའི་ཆོ་ག་དེ། ད་ལྟར་གྱི་ཆོ་གའི་མཚན་ཉིད་ཡིན་ཏེ། རྒྱ་ཆེར་འགྲེལ་ལས་ད་ལྟར་ནི་དེ་ལྟ་བུའི་རྒྱུད་རྣམ་པར་དག་པ་མེད་པས། དེས་ན་ད་ལྟར་གྱི་ཆོ་ག་རྣམ་པར་གཞག་གོ ། ཞེས་གསུངས་པའི་ཕྱིར། དབྱེ་བ་ལ། ཕ་ཆོག་དང། མ་ཆོག་གཉིས་སོ། །ཞེས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
ད་ཆོག་ (1)
| Part of speech
|
སྒྲུབ་ཚིག
|
| Definition
|
འགྲིག་པའམ་ཚིམ་པའི་དོན་ཏེ།
|
| Example
|
ཆད་པ་དེ་ཙམ་གྱིས་ད་ཆོག་པ་གྱིས་ལྟ་བུ།
|