23281

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ད་ཏྲིག་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་གཞན་འཁྱུད་འཁྲིལ་ཤིང་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྨུག་པོ་ཕྲ་ལ་རིང་བ་སྐྱེ་དངོས་གཞན་ལ་འཁྲིལ་ནས་སྐྱེ་བའམ་ཡང་ན་འཕྲེད་དུ་སྐྱེ་བ་དང༌། སྡོང་པོའི་སྟོད་དུ་ཡལ་ག་གྱེས་ཤིང་དེར་བུ་ག་མངོན་གསལ་དོད་པོ་ཡོད་པ། ལོ་མ་ལྗང་སེར་སྒོང་དབྱིབས་ཀྱི་རྩེ་ཅུང་རྣོ་ལ་འོད་མདངས་ཡོད་པ་འཇམ་ལ་རྩ་རིས་བྱ་སྒྲོ་འདྲ་ཞིང་མཐར་ཉག་ག་ཞིབ་མོ་མངོན་ཙམ་ཡོད་པ། ངར་པ་རིང་བ་རེ་མོས་སུ་སྐྱེ་བ། མེ་ཏོག་དམར་ཆུང་འདབ་མ་ལྔ་ལྡན་སྡོང་པོ་དང་ལོ་མའི་མཚམས་ནས་རིམ་བཞིན་བརྩེགས་ཏེ། ཤར་བའི་ངར་བ་རིང་བ་དང༌། འབྲས་བུ་སྔོ་ལྗང་སྙེ་དབྱིབས་བང་རིམ་སྨིན་ཚེ་དམར་སྨུག་ལེབ་ཅིང་སྒོར་བ་སྟེ། ཆེ་ཆུང་ཕལ་ཆེར་ལ་ཕུག་གི་སོན་ཙམ་པ་ལ་འབྲས་སྐོགས་དམར་ཁམ་སྲབ་ལ་སྙི་བ། འཕུར་ཙམ་བྱས་ན་གྲུག་སླ་བའི་ཕྱི་ལ་ཕྱེ་རྩི་སྣུམ་ཉམས་ཅན་རོ་སྐྱུར་བ་ཞིག་ཆགས་ཡོད་པ་དེ་ཕྱིས་ན་འཇམ་ལ་འོད་དང་ལྡན་པའི་འབྲུ་ཡོད་པ་སྟེ། སྨན་གླིང་དང༌། སྤོ་ཡུལ། རྫ་ཡུལ། སྐྱིད་གྲོང་སོགས་ཀྱི་ནགས་གསེབ་ཏུ་སྐྱེ་བ་མང་བ། འབྲས་བུ་བོད་ཟླ་བརྒྱད་པ་ཙམ་ལ་བཏུས་ཏེ་ཧམ་རུལ་མ་ཤོར་སྐམ་ནས་སྨན་དུ་སྤྱོད་རྒྱུ་དང༌། རོ་སྐྱུར་བ། ཞུ་རྗེས་སྐྱུར་བ། ནུས་པ་སྙོམས་པའོ། །ནུས་པས་ཚ་གྲང་གང་གིས་འཁྲུ་བ་དང༌། གློ་ལུ་བ། སྐྱུག་པ་སྐྱུག་པ། དབུགས་ལམ་གྱི་ནད་སོགས་ལ་ཕན་པ་ཡིན།