23365
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བྱེ་བྲག་སྨྲ་བ། ཐོབ་པ་མུ་དགུའི་ནང་གསེས་ཤིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། དང་པོ་འདས་པའི་ཐོབ་པ་དུས་གསུམ་འཇོག་ཚུལ་བཤད་ན། བསམ་གཏན་གྱི་སྡོམ་པ་སྐད་ཅིག་དང་པོ་འདས་པ་དེའི་ཐོབ་པ་འདས་པ་ནི། ཐོབ་བྱའི་ཆོས་དེ་དང་དུས་མཉམ་དུ་འདས་པ་དང༌། དེའི་སྔ་རོལ་ཏུ་འདས་པའི་ཆོས་དེའི་ཐོབ་པ་རྣམས་འཇོག་གོ ། དེའི་ཐོབ་པ་ད་ལྟར་བ་ནི། སྐད་ཅིག་དང་པོ་དེ་འགགས་མ་ཐག་ཏུ་དེའི་ཐོབ་པ་བྱུང་བ་དེ་ཡིན་ནོ། །དེའི་ཐོབ་པ་མ་འོངས་པ་ནི་སྐད་ཅིག་དང་པོ་དེ་འགགས་པའི་སྐད་ཅིག་གཉིས་པ་ཕན་ཆད་དེ་དང་ལྡན་པར་བྱེད་པའི་ཐོབ་པ་རྣམས་སོ། །དེ་བཞིན་དུ། སྐད་ཅིག་དང་པོ་ད་ལྟར་བའི་ཐོབ་པ་འདས་པ་ནི། དེའི་སྔ་རོལ་ཏུ་འདས་པའི་དེའི་ཐོབ་པ་རྣམས་དང༌། དེའི་ཐོབ་པ་ད་ལྟ་བ་ནི་རང་དང་དུས་མཉམ་པའི་ཐོབ་པ་དང༌། དེའི་ཐོབ་པ་མ་འོངས་པ་ནི་དེ་འགགས་པའི་རྗེས་སུ་དེའི་ཐོབ་པ་རྣམས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |