From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བའི་ཆོས་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་འཛིན་གྱི་མདོ་ལས་བྱུང་བ། སངས་རྒྱས་ལ་གུས་པ། མི་ཕྱེད་པའི་དད་བ་ཡོད་ལ་བྱེད་པ། ཆོས་ལ་གུས་ཤིང་ཉན་འདོད་པ། ཆོས་ཀྱི་རྗེས་སུ་མཐུན་པའི་ཚིག་སྒྲུབ་པའོ། །
|
| Domain
|
ཆོས་ལུགས།
|
ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བའི་ཆོས་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
ཡིད་ལ་ཕྱིན་ཅི་ལོག་མེད་པ་སངས་རྒྱས་ལ་དམིགས་པའི་སེམས་པ། ཆོས་ལ་ཐེ་ཚོམ་མེད་པས་དམིགས་པའི་ངོ་བོ་ཉིད་རང་བཞིན་གྱིས་དགེ་བ་ལ་རྟོག་པ། དངོས་པོ་ལ་མཁས་པ་ལ་རྟོག་པས་ངོ་བོ་ཉིད་ཀྱིས་སྟོང་པ། རང་བཞིན་གྱིས་སྟོང་པ། ཤིན་ཏུ་སྟོང་པའི་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བ། འདུ་ཤེས་རྣམ་པར་འཇིག་པ་ལ་མཁས་པ། ཡོངས་སུ་གཅོད་པ་ཤེས་པ་ལ་རྟོག་པས་དངོས་པོ་ཡ་མ་བརླ་རྣམ་པར་འཇིག་པའོ། །
|
ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བའི་ཆོས་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་བཟུང་བ། དམ་པའི་ཆོས་འཛིན་པ་ལ་མཁས་པ་དམ་པའི་ཆོས་སྲུང་ཞིང་སྦེད་པ། སེམས་ཅན་ཐམས་ཅད་བདེ་བ་ལ་སྦྱོར་ཞིང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་སེམས། སེམས་ཅན་གྱི་འདུ་ཤེས་རྣམ་པར་འཇིག་པ་མཁས་པའོ། །
|