23412

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀའ་ཆེན་ (1)
Part of speech མིང་ཚིག
Definition བཀྲ་ཤིས་ལྷུན་པོ་ནས་མཚན་ཉིད་ཀྱི་གཞུང་སློབ་གཉེར་ལེགས་པར་ཐོན་པའི་དགེ་བཤེས་ཀྱི་གོ་མིང་ཞིག་སྟེ། བཀྲ་ཤིས་ལྷུན་པོའི་གདན་སར་གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཕྱིན་པའི་དགེ་བཤེས་རྣམས་ལ་དཀའ་ཆེན་ཞེས་པའི་མཚན་གནས་འབུལ་སྲོལ་ཡོད་པ་དང༌། ཕལ་ཆེར་སེ་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་དང་གཅིག་མཚུངས་ཡིན། དགེ་བཤེས་དཀའ་ཆེན་རྣམས་གཞུང་ཆེན་པོད་ལྔར་སློབ་གཉེར་གནང་བའི་ཡུན་ཚད་ཀྱང་སྤྱིར་ན་སེ་འབྲས་དགའ་གསུམ་དང་ཁྱད་པར་ཆེར་མེད། དཀའ་ཆེན་གྱི་གྲྭ་སྐོར་གནང་བའི་དུས་ཚོད་ནི། བོད་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ནས་ཚེས་བཅུ་བཞི་བར་རྣམ་འགྲེལ་གྲྭ་སྐོར་དང༌། བོད་ཟླ་དང་པོའི་ཚེས་གཉིས་ནས་དཀའ་ཆེན་རབ་འབྱམས་པའི་གྲྭ་སྐོར་མཛད་སྲོལ་ཡོད་འདུག