23413

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀའ་ཆེན་ནམ་མཁའ་རྡོ་ར་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དྲུག་པའི་སྨད་དུ་འཁྲུངས། ཆུང་ངུའི་དུས་ན་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། དབུ་མའི་ལྟ་བ་ལ་མངའ་བརྙེས། པཎ་ཆེན་མཆོག་གི་ཐུགས་སྲས་སུ་གྱུར། དྲུང་པ་རྟ་ཕུག་པ་དམ་ཆོས་རྒྱལ་མཚན་དང་ཕན་ཚུན་བཀའ་ཆོས་གསན་རེས་ཀྱང་མཛད། གསུང་རྩོམ་ནི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཆེན་མོ་དབེན་ས་བཀའ་བརྒྱུད་ཀྱི་ཞལ་ཤེས་མན་ངག་དང་། བྱང་ཆུབ་ལམ་རིམ་གྱི་ཁྲིད་ཡིག་ལས་སྐྱེས་བུ་འབྲིང་དུ་བློ་སྦྱོང་བའི་སྐོར། བྱང་ཆུབ་ལམ་རིམ་ལས་སྐྱེས་བུ་ཆེན་པོར་བློ་སྦྱོང་བའི་སྤྱོད་པ་སྤྱི་ལ་བསླབ་པའི་སྐོར། བྱང་ཆུབ་ལམ་རིམ་ལས་ལྷག་མཐོང་ལྟ་བའི་རྣམ་གཞག་བདག་འཛིན་འཕྲུལ་པའི་དྲུང་འབྱིན་རྣམ་པར་དག་པ་བཅས་བྲིས་མ་པོད་གཅིག་བཞུགས།