23416
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ས་རྟ་ཕྱི་ལོ་ ༡༧༩༨ ལོར་སྐུ་འབུམ་མཆོད་གཞིས་དྲེད་ཁོག་འབྲོག་སྡེར་ཡབ་རྭ་ལོ་གུ་རུ་ཐར་དང་། ཡུམ་ལྷ་མོ་ཚེ་རིང་གཉིས་ཀྱི་སྲས་སུ་འཁྲུངས། བདུན་པར་སྐུ་འབུམ་དུ་ཕེབས། ཟི་ན་ལྷ་རམས་བསོད་ནམས་བསྟན་འཛིན་བསྟེན། ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་བཅས་ལ་སྦྱངས། དེ་ལས་རབ་བྱུང་དང་དགེ་ཚུལ་ཡང་བསྒྲུབས། བཅུ་གཉིས་པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། ཚད་མ་སྡེ་བདུན་བཅས་ལ་ཐོས་བསམ་མཛད། བཅོ་བརྒྱད་པར་དབུས་སུ་ཕེབས། སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས། ཐོས་བསམ་ལོ་གཉིས་རིང་མཛད། གཙང་བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་བསྟན་པའི་ཉི་མ་དང་མཇལ། བཀའ་ཆོས་མང་དུ་གསན། གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད། དཀའ་ཆེན་གྱི་མཚན་རྟགས་བཞེས། ཉེར་གཅིག་པར་དགའ་ལྡན་ཁྲི་ཆེན་བྱང་ཆུང་ཆོས་འཕེལ་སོགས་ལས་བསྙེན་པར་རྫོགས། སོ་བཞི་བར་པཎ་ཆེན་རིན་པོ་ཆེ་ལ་གནང་བ་ཞུས་ཏེ་སྐུ་འབུམ་དགོན་དུ་ཕེབས། ས་ཚྭ་རི་ཁྲོད་དང། དཔའ་རིས་ཕྱོགས་ཀྱི་རི་ཁྲོད་སོགས་ལས་ཉམས་ལེན་མཛད། ང་དགུ་བ་རབ་བྱུང་བཅུ་བཞི་པའི་མེ་འབྲུག་ཕྱི་ལོ་ ༡༨༥༦ ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། སློབ་གཉེར་བཅས་འགན་ཁུར། དོན་དགུ་བ་རབ་བྱུང་བཅོ་ལྔ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ ༡༨༧༦ ལོར་སྐུ་གཤེགས། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་སོ་བརྒྱད་པ་ཡིན། |