23438
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དཀའ་བ་སྤྱོད་པའི་སྦྱོར་བ་བཅུ་སྟེ། ༡ འདི་ལྟར་དམའ་བ་ལ་མོས་པའི་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ། ༢ ལྟ་བའི་རྣམ་པ་ལ་གནས་པའི་སེམས་ཅན་རྣམས་གྱེན་དུ་བསྐྱོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ། ༣ ལས་དང་བྱ་བས་འཁྱམས་པར་གྱུར་པའི་སེམས་ཅན་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་མངོན་སུམ་དུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ། ༤ ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པར་ཆོས་ཉིད་རྗེས་སུ་འབྲང་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ། ༥ བདག་གི་དུབ་པ་ཉེ་བར་ཞི་ཞིང་མཐུ་དང་ལྡན་པ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ། ༦ མ་ཡིན་ན་ཆོས་ལ་ཆགས་པ་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ། ༧ འདོད་པའི་བདེ་བ་དང་ཕྲད་པར་བརྩོན་ཞིང་རང་གི་བདེ་བ་ལྷུར་ལེན་པའི་སེམས་ཅན་རྣམས་སྐྱོ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ། ༨ བྱང་ཆུབ་སེམས་དཔའི་སྤྱོད་པ་བརྩམས་པའི་ཁྱད་པར་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ། ༩ སྐྱེ་བོ་ཕྱི་མ་རྣམས་བརྩོན་འགྲུས་རྩོམ་པ་ལ་ཡང་དག་པར་སྦྱར་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ། ༡༠ མ་ཡིན་ན་དབང་པོ་ཡོངས་སུ་མ་སྨིན་པའི་ལྷ་དང་མི་རྣམས་ཡོངས་སུ་སྨིན་པར་བྱ་བའི་དུས་བསྡད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པའོ། ། |
| Domain | ཆོས་ལུགས། |