23439

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀའ་བཅད་ཀྱི་སྡེ་ (1)
Part of speech མིང་ཚིག
Definition བོན། མདོ་སྔགས་སེམས་གསུམ་གྱི་བོན་སྐོར་ལས་སེམས་ཕྱོགས་ཀྱི་བོན་སྡེ་རྣམས་ཡིན་ཏེ། མདོ་གཟེར་མིག་ལས། བོན་དཀའ་བཅད་ཀྱི་སྡེ་ནི་མན་ངག་ལུང་གི་བོན་དཔོན་གསས་སྒོམ་པ་ལ་བསྡུད་པའོ། །ཞེས་སོ། །ཤེར་ཕྱིན་སྐབས་དང་པོ་ལས། དཀའ་བཅད་ཀྱི་སྡེའི་བོན་གྱི་མཚན་གཞི་ནི། བླ་མེད་ཐེག་པའི་བཀའ་རྣམས་བཞག་པས་སོ། །ཞེས་སོ། །བོན་སྒོ་འདི་དག་ནི་བློ་དབང་རབ་ལ་ལྟོས་ནས་བསྟན་ཏེ། མདོ་གཟེར་མིག་ལས། བོན་དཀའ་བཅད་ཀྱི་སྡེ་ནི་དབང་པོ་རབ་ཀྱི་སྣོད་དང་ལྡན་པའོ། །ཞེས་སོ། །
Domain ཆོས་ལུགས།