23442

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀའ་བཅུ་བློ་བཟང་ཚངས་དབྱངས་ཕྱོགས་ལས་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ས་ཕག་ཕྱི་ལོ་ ༡༦༥༩ ལོར་མདོ་སྨད་གཙོས་ཁ་ཡངས་གོང་དུ་སྐུ་འཁྲུངས། བདུན་པར་དཀའ་བཅུ་བསོད་ནམས་བཀྲ་ཤིས་ཀྱི་སྤྲུལ་སྐུར་ངོས་བཟུང་། བདེ་ཐང་དགོན་དགའ་ལྡན་ཆོས་འཁོར་གླིང་གི་གདན་སར་བཀོད། ཆས་པ་བླ་མ་བློ་བཟང་ཚུལ་ཁྲིམས་ལས་རབ་ཏུ་བྱུང་། བཅུ་དགུ་པར་དབུས་སུ་བྱོན། འབྲས་སྒོ་མང་གི་ཆོས་གྲྭར་ཞུགས། མདོ་ཕྱོགས་ལ་སྦྱངས། གསང་ཕུར་དཀའ་བཅུའི་གྲྭ་སྐོར་མཛད། ཉེར་གསུམ་པར་རྒྱལ་དབང་ལྔ་བ་ལས་བསྙེན་པར་རྫོགས། རྒྱུད་སྟོད་ཀྱི་ཆོས་གྲྭར་ཞུགས། སྔགས་ཕྱོགས་ལ་སྦྱངས། ཉེར་བཞི་པར་རང་ཡུལ་དུ་ཕེབས། བདེ་ཐང་དགོན་གསར་འདེབས་མཛད། ཞེ་ལྔ་པར་རི་བོ་ཆེར་དགོན་པ་གསར་འདེབས་མཛད། ང་གཉིས་པར་མཁར་སྔོན་དུ་ཕེབས། ཆོས་འཁོར་རྒྱ་ཆེར་བསྐོར། ཆོས་འཁོར་གླིང་དུ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ང་དགུ་པ་རབ་བྱུང་བཅུ་གཉིས་པའི་ས་ཁྱི་ཕྱི་ལོ་ ༡༧༡༨ ལོར་སྐུ་གཤེགས། དཀའ་བཅུའི་སྐུ་ཕྲེང་གཉིས་པ་ཡིན། གསུང་རྩོམ་ནི་སྔགས་ཀྱི་བཀླག་ཐབས་བསྡུས་པ་དང་། དག་ཡིག་ཚིགས་བཅད་མ་སོགས་བཞུགས།