23444
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་མེ་ལུག་ཕྱི་ལོ་ ༡༦༦༧ ལོར་མདོ་སྨད་ཙ་ཡུས་མེ་ཏོག་ཤར་དུ་ཡབ་སྙིང་གར་བྱམས་དང་། ཡུམ་གཅོད་པ་ཐར་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ལྷ་བརྟན་བླ་མ་འཕྲིན་ལས་ཕུན་ཚོགས་ལས་རབ་ཏུ་བྱུང། ཡི་གེའི་འབྲི་ཀློག་གི་དབུ་བཙུགས། བཅོ་བརྒྱད་པར་ཤུག་ཤར་རི་ཁྲོད་དུ་སྔགས་རམས་པ་བསོད་ནམས་ཡར་འཕེལ་གྱི་དྲུང་དུ་བྱོན། ལོ་ཉི་ཤུ་རྩ་གྲངས་བར་དེ་ཉིད་བསྟེན། སློབ་གཉེར་མཛད། དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས། གཞུང་ལུགས་ཀུན་ལ་སྦྱངས། གསང་ཕུ་དགོན་པའི་དཀའ་བཅུ་བ་མཛད། རྒྱུད་སྨད་དུ་སྔགས་ལ་སྦྱངས། མདོ་སྔགས་ཀྱི་མཁས་པ་ཆེན་པོར་གྱུར། མདོ་སྨད་དུ་ཕེབས། ཤུར་ཤར་དང་། ཙ་ཡུས་སྒར། བླ་བྲང་བཀྲ་ཤིས་འཁྱིལ། ཁ་གྱའི་སྟག་ལུང་སོགས་ཡོངས་གྲགས་ཀྱི་སྒྲུབ་གནས་སུ་བཞུགས། རབ་བྱུང་བཅུ་གཉིས་པའི་ཤིང་བྱི་ཕྱི་ལོ་ ༡༧༤༤ ལོར་སྐུ་གཤེགས། |