From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཀར་ཁུང་ (1)
| Part of speech
|
མིང་ཚིག
|
| Definition
|
ཁང་པའི་ནང་དུ་འོད་དང་རླུང་ཡོང་སའི་ཁུང་བུ།
|
| Keyword
|
True
|
| Example
|
ཆར་བབས་ན་དཀར་ཁུང་བརྒྱག་དགོས་ལྟ་བུ།
|
| Synonyms
|
མཐོངས་ཁུང་། ཐོག་ཁུང་། གླང་མིག བ་ལང་མིག རྒྱ་མཐོངས།
|
དཀར་ཁུང་ (2)
| Part of speech
|
མིང་ཚིག
|
| Definition
|
ས་ཆ་ལ་ལར་ཁྱིམ་དུ་ལྕགས་ཀྱི་སྒྱེད་པུ་བཙུགས་ནས་མེ་གཏོང་གི་ཡོད་སྟབས། དུ་བ་ཕྱི་ལ་འགྲོ་སར་བཟོས་པའི་ཁང་ཀླད་ཀྱི་ཁུང་བུ་གྲུ་བཞི་ཆེན་པོ་དེའི་མིང་།
|
| Example
|
དཀར་ཁུང་ཆུང་དྲགས་ནས་ཁྱིམ་ལ་དུ་བ་འཚུབ་ལྟ་བུ།
|
དཀར་ཁུང་ (3)
| Part of speech
|
མིང་ཚིག
|
| Definition
|
ཁང་པའི་སྒེའུ་ཁུང་།
|