23490
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྱུང་ཁུངས་ལ་བཤད་སྲོལ་མི་འདྲ་བ་ཡོད་ཀྱང་ཡོངས་ཁྱབ་ཏུ་རང་བྱུང་རྡོ་རིགས་ལས་འབྱུང་བའི་རིན་པོ་ཆེའི་རིགས་ཤིག་སྟེ། དེང་དུས་ཡོངས་གྲགས་ཁྲ་མན་ཞེས་གཟི་རྡོར་གྲགས་པ་སྟེ། ངོ་བོ་སྲ་ཞིང་མཁྲེགས་པ། དབྱིབས་དང་ཆེ་ཆུང་ངེས་མེད་ཁ་དོག་སྔོ་སྐྱ་དང་། འོ་ཁ། ཁམ་སྐྱ་ལ་སོགས་པ། ཆུ་རིས་དཀར་པོ་ཕྱི་ནང་རིམ་པ་མང་པོའི་ཆགས་རིམས་ལྟ་བུ་ཡོད་པ། སྲ་ཞིང་མཁྲེགས་པ་ཕལ་ཆེར་རྡོ་སྲུབ་མེད་ཅིང་། འཐིབ་ལ་ཅུང་ཟད་དྭངས་པའི་ཉམས་ཅན། ཤེལ་རིགས་ཕལ་ཆེར་གཅོད་ནུས་པ། ལྕགས་བརྡབ་པས་མེ་འབྱུང་བ། འདི་ལ་གཟི་རྡོ་ཞེས་གྲགས་ལ། རྒྱུ་མཚན་ཡང་འདི་ཉིད་ངོ་བོ་མཆོང་རིགས་ཡིན་པ། གཏེར་དངོས་རྫས་འགྱུར་རིག་པས་བརྟག་ཞིབ་བྱེད་སྐབས། འདིའི་ནང་གཟི་ལ་ཡོད་པའི་གྲུབ་ཆ་ལས་རྣམ་གྲངས་བཅུ་གཅིག་ཙམ་འདུག་ཅེས་གསལ་འབྱེད་བྱས་པ་དང་། ཕན་ཡོན་གྱི་ཆ་ནས་ཀྱང་། ཁྲ་མན་དང་། གཟི་རྙིང་། མཆོང་དང་མརྒད་སོགས་མཐུན་པར་བརྟེན། སྨན་དུ་སྦྱར་སྐབས་གཟིའི་ཚབ་བམ། བོང་སྐྱེད་ཙམ་བཏང་བས་མི་འགལ་ལ། ཁ་ཅིག་གིས་རང་བྱུང་མཆོང་གཟི། ཁྲ་དང་རི་མོ་སྣ་ཚོགས་ཡོད་པ་དང་། གཟི་ར་མིག་སོགས་ལ་ཁྲ་མན་མཛད་པའང་ཡོད་པ་ནི། ཕན་ཡོན་དང་གྲུབ་ཆའི་ཐད་ནས་མི་འཐད་པ་མེད་དོ། །དེ་རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བའོ། །ངོ་བོའི་ནུས་པས་གཟའ་ནད་དང་། འབྱུང་པོ། སྟེང་གདོན་ལ་སོགས་པ་ཐུབ་པར་གསུངས་པ་དང་། གཞན་ཡང་། མགོ་གཟེར་གྱི་རིགས་སེལ་ཞིང་། དེ་མིན་འདིས་མིག་ཕྱིས་ན་མིག་ནད་སེལ་བ་དང་། ཆུ་ནང་ཞག་གཅིག་སྦངས་པའི་ཆུས་ལྕག་རྡེབ་པས་ཁྲག་གཟེར་སེལ་བ་དང་། བཏུང་བས་གཟའ་ནད་ཁྲག་ལ་བབ་པ་འཇོམས་པ། ལུས་ལ་བཅང་བས་གཟའ་ནད་སྲུང་བར་བྱེད་པས་ཕལ་ཆེར་གཟི་རང་དང་འདྲ་བའོ། ། |