23508

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་ཆག་ལྡན་དཀར་མ་ (1)
Part of speech མིང་ཚིག
Definition བོད་ཀྱི་བཙན་པོའི་དུས་རབས་སུ་ལོ་ཙཱ་བ་ཆེན་པོ་སྐ་དཔལ་བརྩེགས་ཀྱིས་བཀོད་པའི་བཀའ་བསྟན་གྱི་དཀར་ཆག་ཁག་གསུམ་གྱི་ནང་ཚན་ཞིག་ཡིན། དཀར་ཆག་འདི་བཙན་པོ་གང་གི་དུས་སུ་བཀོད་པ་ཡིན་མིན་སྐོར་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ལ་བཞེད་སྲོལ་མི་འདྲ་བ་གཉིས་བྱུང་སྟེ། བུ་སྟོན་རིན་པོ་ཆེ་དང༌། དཔའ་བོ་གཙུག་ལག་ཕྲེང་བ་གཉིས་ཀྱིས་དཀར་ཆག་འདི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བཀོད་པ་དང༌། བཀའ་བསྟན་དཀར་ཆག་བོད་ཡིག་ཐོག་བཀོད་པའི་ཐོག་མ་དེ་ཡིན་པར་བཞེད་ལ། བྱམས་མགོན་སི་ཏུ་པཎ་ཆེན་དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་རྣམ་གཉིས་ཀྱིས་དཀར་ཆག་འཕང་ཐང་མ་དང་པོ་དང་། དཀར་ཆག་ལྡན་དཀར་མ་གཉིས་པ་ཡིན་པ་དང༌། དེ་གཉིས་ཀ་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་དུས་སུ་བྱུང་ཚུལ་གསུངས།

{{#arraymap:དཀར་ཆག་ལྡན་དཀར་མ་

|; |@@@ | | }}