23517

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་དམར་ (1)
Part of speech རྒྱན་ཚིག
Definition ཁ་དོག་དཀར་པོ་དང་དམར་པོའི་བསྡུས་མིང་།
དཀར་དམར་ (1)
Part of speech མིང་ཚིག
Definition ཁམས་དཀར་དམར་གཉིས་ཀྱི་བསྡུས་མིང་སྟེ། མི་ལ་རས་པའི་གསུང་མགུར་ལས། སྟོད་བྱང་ཆུབ་སེམས་ཀྱི་རྒྱུན་འབབ་བདེ། །སྨད་དྭངས་མའི་ཐིག་ལེས་ཁྱབ་པས་བདེ། །བར་དཀར་དམར་ཐུག་འཕྲད་བརྩེ་བས་བདེ། །ལུས་ཟག་མེད་བདེ་བས་ཚིམ་པས་བདེ། །ཞེས་པ་ལྟ་བུ།
Domain ཆོས་ལུགས།
དཀར་དམར་ (2)
Part of speech མིང་ཚིག
Definition སྣ་ཚོགས་པའི་དོན་ཏེ། མི་ལའི་གསུང་མགུར་ལས། ཕྱི་སྣང་བ་དཀར་དམར་གྱི་ཤོག་བུ་ལ། །ཡེ་ཤེས་ཆེན་པོའི་སྣག་ཚ་སྦྱར། །དབང་པོ་ལྔ་ཡི་ཡི་གེ་བྲིས། །ཅིར་སྣང་ཆོས་ཀྱི་སྐུ་རུ་གོ །ཡིག་ནག་དཔེ་ཆ་མེད་པས་འཚེངས། །