23530

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་པོ་ཆིག་ཐུབ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཤ་རྒྱུ་ཅན་དཀར་སེར་ཟླུམ་རིང་ལ་ཕུག་འདྲ་བ་ལ་རྒྱུས་ཕྲན་ཕྲ་ལ་རིང་བ་མང་པོ་གྱེས་པ། སྡོང་པོ་ལྗང་གུ་འཇམ་ཞིང་སྤུ་མེད་པ་འདྲོང་པོར་སྐྱེ་བ། ལོ་མ་སྒོང་དབྱིབས་རྩེ་རྣོ་བ་མཐར་སོག་ལེའི་ཁ་ཞིབ་ཡོད་པ། ལོ་མ་གསུམ་མམ། བདུན་སོགས་སྐྱེ་བའི་ངར་པ་རིང་བ་བཞི་རེ་ཕྱོགས་བཞིར་འཁོར་ནས་སྐྱེ་བའི་དབུས་ནས་མེ་ཏོག་གི་ཡུ་བ་འདྲོང་ཞིང་རིང་བའི་རྩེར་མེ་ཏོག་སེར་སྐྱ་འདབ་མ་ལྔ་ཅན་གྲངས་བཅུ་ལྷག་ཙམ་འཆར་བ། འབྲས་བུ་མཁལ་དབྱིབས་སྨིན་ནས་ཁ་དོག་ཤིན་ཏུ་དམར་པོར་འགྱུར་བ་དེ་ཡང་རིམ་བཞིན་སྨུག་པོར་འགྲོ་བ་བཅུ་ལྷག་ཙམ་གདུགས་འཁོར་གྱི་དབྱིབས་ལྟར་འདོགས་པ་སྟེ། རྒྱ་ནག་གི་བྱང་ཕྱོགས་ཧེ་ལུང་ཅང་དང༌། ཅིས་ལིན། ལེའོ་ཉིའི། ཧོ་པེའི་བྱང་ཕྱོགས་བཅས་ཀྱི་ཤིང་ནགས་གསེབ་ཏུ་སྐྱེ་བ། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྐམ་གསེད་ལེགས་པར་བྱས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་དུག་ཚད་དང༌། ཚད་པའི་ནད་རིམས་ཐམས་ཅད་ལ་ཕན་པ་ཡིན།

{{#arraymap:དཀར་པོ་ཆིག་ཐུབ་

|; |@@@ | | }}

དཀར་པོ་ཆིག་ཐུབ་ (2)
Part of speech མིང་ཚིག
Definition གང་གཱ་ཆུང་།

{{#arraymap:དཀར་པོ་ཆིག་ཐུབ་

|; |@@@ | | }}

དཀར་པོ་ཆིག་ཐུབ་ (3)
Part of speech མིང་ཚིག
Definition ཨ་བྷི་ཥ།

{{#arraymap:དཀར་པོ་ཆིག་ཐུབ་

|; |@@@ | | }}

དཀར་པོ་ཆིག་ཐུབ་ (4)
Part of speech མིང་ཚིག
Definition གྲེས་མ།

{{#arraymap:དཀར་པོ་ཆིག་ཐུབ་

|; |@@@ | | }}

དཀར་པོ་ཆིག་ཐུབ་ (5)
Part of speech མིང་ཚིག
Definition ཐང་ཕྲོམ་དཀར་པོ།

{{#arraymap:དཀར་པོ་ཆིག་ཐུབ་

|; |@@@ | | }}