23541

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་པོ་སྦལ་རྒྱབ་ (1)
Part of speech མིང་ཚིག
Definition རང་བྱུང་གཏེར་རྡོའི་རིགས་ལས་བྱུང་བའི་རྡོ་སྨན་གྱི་རིགས་ཤིག་སྟེ། དབྱིབས་ཕལ་ཆེར་ལེབ་མོ་ལ་རྔམ་མཐུག་པ། ཆེ་ཆུང་ངེས་པ་མེད་ཅིང་ཁ་དོག་དཀར་པོ་ལ་འགའ་ཞིག་ལ་སེར་ཉམས་ཅུང་ཟད་ཡོད་པ། སྟེང་འོག་དང་མདུན་རྒྱབ་གཉིས་རྡོ་རྒྱུ་དང་མཚན་ཉིད་ཅུང་མི་འདྲ་བ། བཅག་ཁར་ཕྱི་ནང་རིམ་པའི་རི་མོ་ཡོད་པ། ངོ་བོ་ཅུང་ཞིའི་རིགས་འདྲ་བ་ལ་དེ་ལས་ཅུང་ཟད་མཁྲེགས་པ། རྡོ་ལ་རི་མོ་བྲིས་ན་དཀར་པོ་ཅུང་ཟད་དོད་པ། ཕྱེ་མར་བཏུལ་ན་དཀར་པོར་འགྲོ་བ་ཞིག་སྟེ། དོན་དུ་རྡོ་དཀར་པོ་རྔམ་མཐུག་པ་ཙམ་ལས་དབྱིབས་སྨུག་པོ་སྦལ་རྒྱབ་ཇི་ལྟ་བ་རང་བྱུང་གཏེར་རྡོའི་རིགས་ལས་བྱུང་བ་གང་ཞིག་རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་ཅུང་ཟད་དྲོ་བ་དང་ལྡན་པས་ཆུ་སེར་འཕུལ་ཞིང་འདྲེན་ལ་སྐེམས་པར་བྱེད་པ་དང་། རུས་པ་ཆག་པ་སྦྱོར་ཞིང་། ཀླད་པ་འཛག་པ་ཡང་སྡོམ་པར་བྱེད་པ་ཞིག་གོ །

{{#arraymap:དཀར་པོ་སྦལ་རྒྱབ་

|; |@@@ | | }}