23583

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་མོ་པད་མའི་སྤྱན་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་སྟེ། དྲི་མེད་ལྷ་ལྔའི་ཁོངས་ཀྱི་མེ་ཏོག་མ་བཞིའི་ནང་གསེས་ཡིན་ལ། གནས་ནི། དཀྱིལ་འཁོར་ལྷོ་ཤར་ཕོ་བྲང་གླིང་ཆེན་གྱི་བྱང་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་གཡུ་ཡི་ཞུ་ཤམ་ཅན། སྐུ་ལ་ཆུ་དར་རལ་ག་གསོལ་ཞིང་ཕྱག་མཚན་མེ་ཏོག་པད་མ་བསྣམས་པའོ། །ཕྲིན་ལས་ནི། པད་མའི་སྤྱན་གྱིས་སྟོང་གསུམ་ཕྲ་རབ་རྣམས་གཟིགས་པར་མཛད་དོ། །ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ཡ་ལེ་འདུ་འདུ་ཏ། ཞེས་པའམ་ཏ་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ཡ་ལེ་ནི་སྣང་སྲིད་དགའ་བདེ་བསྐྱེད་པ། ཏ་ནི་ལྷ་མོ་འདི་ཉིད་མཚོན་པའོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །སྐུ་དང་ས་བོན་གྱི་བསྐྱེད་གནས་ནི། མིག་གི་དཀྱིལ་རྩ་ལ་གནས་སོ། །འདི་དག་དོན་རྟོགས་པ་དང་མ་རྟོགས་ལས་གྲོལ་འཁྲུལ་གྱི་དགེ་སྐྱོན་ནི། རྟོགས་ན་སྐྱེ་འགག་མེད་པའི་དབྱིངས་སུ་དག། མ་རྟོགས་ན་སྐྱེ་བཞི་འཁོར་བར་འཁྲུལ་ལ། གྲོལ་ན་དབལ་ཆེན་རུ་བཞིའི་སྐུ་ཉིད་ལ། མ་གྲོལ་ན་སྐྱེ་རྒས་ན་འཆི་ཤར་བར་གསུངས་སོ། །ཞེས་པ་འདི་ནི་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། །
Domain ཆོས་ལུགས།

{{#arraymap:དཀར་མོ་པད་མའི་སྤྱན་

|; |@@@ | | }}