23585

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་མོ་མིག་སྒྱུ་མ་ (1)
Part of speech མིང་ཚིག
Definition དཀར་མོ་མིག་སྒྱུ་མ་ནི། རྟེན་ཕྱག་རྒྱའི་ཡུམ་དྲུག་པོ་རེ་རེ་ལའང་རབ་འབྲིང་ཐ་གསུམ་དུ་ཕྱེ་བའི་ཡ་གྱལ། ཡུམ་པདྨ་ཅན་གྱི་ཐ་མ་སྟེ། རྣལ་འབྱོར་པས་བསྟེན་བྱར་མི་རུང་བའི་བུད་མེད་དོ། །དེ་ཡང་ཕྱོགས་བཅུའི་མུན་སེལ་ལས། པདྨ་ཅན་ཐ་མ་ནི་མདོག་དཀར་ཞིང་བྱད་ལེགས་ཀྱང་སྙིང་དུ་མི་སྡུག་པ། གཟུགས་འཆོས་ཤིང་བྱི་དོར་ལ་བརྩོན་པ། ཁ་ཡངས་ཤིང་གསང་མི་ཐུབ་པ། མིག་ཕྲ་ཞིང་བ་སྤུ་ཁ་ན་ཡང་བ་སྟེ། དེ་ནི་དཀར་མོ་མིག་སྒྱུ་མ་ཞེས་བྱ་བ་སྟེ་མི་བསྟེན་ནོ། །ཞེས་གསུངས།

{{#arraymap:དཀར་མོ་མིག་སྒྱུ་མ་

|; |@@@ | | }}