23609

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་རྩི་ (1)
Part of speech མིང་ཚིག
Definition ཡོངས་གྲགས་སུ་ས་དཀར་ཞེས་པ་སྟེ། ས་གནས་གང་སར་དགོན་སྡེ་ཁག་དང་། ཡུལ་སྡེ་སོགས་ཀྱི་ཁང་པའི་ཕྱིའི་གྱང་ངོས་ལ་ལོ་རེ་བཞིན་བྱུགས་ཏེ་དཀར་པོ་བཟོ་བྱེད་དེ་ཡིན་ཞིང་། ཐང་ཁ་བཞེངས་པའི་སྐབས་ཐོག་མར་རས་གཞིའི་རྩི་དཀར་པོ་ཡང་ས་དཀར་གྱིས་བཟོ་ཡི་ཡོད་པ་དེ་ལའང་རྒྱུ་བཟང་ངན་གྱི་དབྱེ་བས་མཆོག་དམན་གཉིས་ཏེ། བཟང་བའམ་མཆོག་ས་རྡོ་སོགས་གཞན་གྱི་ལྷད་མེད་པ་ས་ཁ་དོག་ཤིན་ཏུ་དཀར་ལ་ཚི་ཅུང་ཟད་ཡོད་པས་དབུས་ཁུལ་དུ་ཡངས་ཅན་དཀར་རག་ཅེས་ཡུལ་གཞན་དུ་ལྷོ་བུན་ཞེས་པ་ལྟ་བུ་དང་། དམན་པ་ཡུལ་ངེས་མེད་ཀྱི་ཁ་དོག་གོང་མ་ལས་ནག་ཅིང་བྱེ་ཞིབ་དང་ས་རྡོ་འདྲེས་པ་ཅན་དེ་རོ་བསྐ་ཚ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ཤ་རུས་ལ་ཞེན་པའི་ནད་རྙིང་འགོག་པར་བྱེད་པ་དེའོ། །

{{#arraymap:དཀར་རྩི་

|; |@@@ | | }}

དཀར་རྩི་ (2)
Part of speech མིང་ཚིག
Definition གནག་ཕྱུགས་ལ་གློ་ནད་དང་ཧོན་ནད་ཕོག་སྐབས་ནད་ཕོག་ཟིན་པའི་ཕྱུགས་ཁ་ཆུང་ཞིག་གི་ཁྲག་དང་། རི་བོང་གི་ཁྲག་མཉམ་དུ་བསྲེས་ཏེ་ནད་མ་ཕོག་པའི་གནག་ཕྱུགས་རྣམས་ནད་ཡང་བ་དང་ཐར་ཐུབ་པའི་ཆེད་དུ་སྟེར་རྒྱུའི་འགོག་སྨན་ཞིག

{{#arraymap:དཀར་རྩི་

|; |@@@ | | }}

དཀར་རྩི་ (3)
Part of speech མིང་ཚིག
Definition གཏོར་མ་ལ་བྱུག་རྒྱུའི་མར་ཁུ།

{{#arraymap:དཀར་རྩི་

|; |@@@ | | }}

དཀར་རྩི་ (4)
Part of speech མིང་ཚིག
Definition ཚོན་རྩི་དཀར་པོ།

{{#arraymap:དཀར་རྩི་

|; |@@@ | | }}

དཀར་རྩི་ (4)
Part of speech མིང་ཚིག
Definition རུས་སྦྱོང་ཆེད་མི་ཤི་བའི་རུས་པ་མེར་བསྲེགས་ནས་ཉར་བ་ལ་ཡང་དཀར་རྩི་ཞེས་བརྗོད།
Type ཡུལ་སྐད།

{{#arraymap:དཀར་རྩི་

|; |@@@ | | }}

དཀར་རྩི་ (6)
Part of speech མིང་ཚིག
Definition གསང་སྔགས་ནང་གི་མཆོད་པའི་སྐབས་ཀྱི་བྱང་སེམས་དཀར་པོ་ལ་གོ་སྟེ། རྒྱུད་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་གསུངས་པ་ལྟ་བུ།
Domain ཆོས་ལུགས།

{{#arraymap:དཀར་རྩི་

|; |@@@ | | }}