From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཀར་ལྡན་ (1)
| Part of speech
|
མིང་ཚིག
|
| Definition
|
ཟླ་བ་སྟེ། དཔལ་དགྱེས་པ་རྡོ་རྗེའི་རྣམ་བཤད་རྣམ་པར་འགྲེལ་བ་ལས། ཟླ་བ་ནི་མདོག་དཀར་ཞིང་། རྟ་དཀར་པོ་ཞོན་པ། རིན་པོ་ཆེའི་དབུ་རྒྱན་ཅན། ཕྱག་ན་པད་མ་དང་ཀུ་མུ་ཏ་ཐོགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་གསུངས་པ་ལྟར། དཀར་པོ་དང་། དཀར་ལྡན་དང་། འགྲོ་བའི་ཆ་ནས་རྟ་དཀར་ཡང་ཟེར།
|
| Type
|
མངོན་བརྗོད།
|
དཀར་ལྡན་ (2)
| Part of speech
|
མིང་ཚིག
|
| Definition
|
ཁྱབ་འཇུག་སྟེ། ལྷ་དྲག་པོ་མཆོད་པའི་ཕྱིར་དུ། པད་མ་དཀར་པོ་སྟོང་གི་གཏོར་མའི་གཟུགས་བྱས་པ་ལ། དྲག་པོས་དེ་ལས་གཅིག་མི་སྣང་བར་བྱས་དུས། འདིས་མིག་གཅིག་ཕྱུང་ནས་པད་མ་དཀར་པོའི་གནས་སུ་བཞག་པའི་ཕྱིར། དཀར་ལྡན་ཡང་ངོ་། །
|