23629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་སྐྱེས་དཀར་བབས་ (1)
Part of speech མིང་ཚིག
Definition སྨེ་བ་དཀར་གསུམ་ལས་གང་ཞིག་གནམ་སྨེ་ཡིན་ལོ་དེར་སྐྱེས་པའི་བརྩི་བྱ་དག་གི་བབས་སྨེ་ཡང་དེ་གསུམ་ལས་གང་རུང་ཞིག་གི་སྟེང་དུ་བབས་པ་ལ་ཟེར་བ་ཡིན། གལ་སྲིད་བབས་སྨེ་དེ་སོ་སོའི་སྐྱེས་སྨེ་ཕུད་པའི་གཞན་གཉིས་ལས་གང་གི་སྟེང་དུ་བབས་ཀྱང་བཟང་ཞིང་དགེ་བར་བཤད་ཅིང་། སྐྱེས་སྨེ་ཉིད་ཀྱི་སྟེང་དུ་བབས་ན་སྨེ་བའི་ཀེག་ཕྲན་བཞིའི་ཡ་གྱལ་མམ་ཀེག་གི་ནང་གསེས་ཤིག་ཡིན་པས། དུས་དེར་འཁོན་དང་འཐབ་མོའི་ཉེན་ལོང་ཞིང་བུད་མེད་ཡིན་ན་རྒྱལ་འགོང་གནོད་པར་བཤད། དེ་བཟློག་པའི་བཅོས་རིམ་ལ་རྒྱལ་མདོས་དང་། གསེར་འོད། ལྷ་མཆོད་བཅས་བྱ་དགོས།
Domain རྩིས་རིག